མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་གིས«ཉིས་སྟོང་བཅུ་ལོ་ནས་ཉིས་སྟོང་བཅུ་བདུན་ལོའི་རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་འཆར་འགོད»འགྲེམ་སྤེལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-29 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ་ཀྲུང་གུང་ཀྲུང་དབྱང་གིས«ཉིས་སྟོང་བཅུ་ལོ་ནས་ཉིས་སྟོང་བཅུ་བདུན་ལོའི་རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་འཆར་འགོད»འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་འབྲེལ་ནས་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

«འཆར་འགོད»ལས་བསྟན་དོན། ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་ནི་སྤུས་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་མཛུབ་སྟོན་རང་བཞིན་དང་རྨང་གཞིའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་བཟོ་སྐྲུན་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བ་དང་རླབས་ཆེན་གྱི་བཟོ་སྐྲུན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་གོ་གནས་དང་ནུས་པ་ལྡན།

སློབ་གསོའི་གསོ་སྦྱོང་འཆར་འགོད་ཀྱི་དམིགས་འབེན་དང་ལས་འགན་ལག་བསྟར་བྱེད་སྐབས་ཕྱོགས་གཅིག་ནས་རྒྱ་ཆེའི་ལས་བྱེད་པའི་ཕུགས་བསམ་འདུ་ཤེས་སྔར་ལས་ཇེ་བརྟན་ཏུ་གཏོང་བ་དང་རིགས་གཞུང་བྱང་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་བ། ཏང་གཤིས་བློ་སྦྱོང་ཇེ་དྲག་ཏུ་གཏོང་བ། བྱ་བའི་སྤྱོད་ཚུལ་མངོན་གསལ་དུ་ལེགས་བཅོས་བྱེད་པ། སྤྱོད་ཡོན་བྱང་ཚད་དང་འགན་འཁྲི་ལག་བསྟར་ནུས་པ་ཇེ་ཆེར་བཏང་ནས། ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བྱ་བས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ནུས་བ་སྔར་ལས་ཇེ་ཆེར་གཏོང་དགོས། ཕྱོགས་གཞན་ཞིག་ནས་ཧུར་ཐག་སྒོས་སྔར་ལས་སྒོ་འབྱེད་དང་སྔར་ལས་གསོན་ཤུགས་ལྡན་པ་དང་། སྔར་ལས་ཕན་འབྲས་བཟང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་མ་ལག་ཆགས་པར་བྱས་ནས། ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་ཚན་རིག་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས།

«འཆར་འགོད»ལས་ད་དུང་སློབ་གསོའི་གསོ་སྦྱོང་གི་གཞི་གྲངས་དམིགས་ཚད་དང་སྤུས་ཚད་རེ་བ་གཏན་འཁེལ་བྱས་པར་མ་ཟད། གསོ་སྦྱོང་བྱེད་ཡུལ་དང་བྱེད་ཐབས། གསོ་སྦྱོང་ནུས་པའི་འཛུགས་སྐྲུན། རྩ་འཛུགས་མགོ་ཁྲིད་སོགས་ཀྱི་ཐད་ལ་གཏན་འཁེལ་ཞིབ་མོ་བྱས་ཡོད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག