མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ནས་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ལའོ་ཝུའོ་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲུའུ་མ་ལེ་རང་རྒྱལ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲིར་ཡོང་བར་བསུ་བ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-27 10:52


སྤྱི་ཟླ9བའི་ཚེས26ཉིན། ཞི་ཅིན་ཕེན་གྱིས་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ལའོ་ཝུའོ་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲུའུ་མ་ལེ་དང་གྲོས་མོལ་མཛད་པ་དང་། གྲོས་མོལ་མ་མཛད་པའི་སྔོན་ལ་ཞི་ཅིན་ཕེན་གྱིས་ཁོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས26ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ལའོ་ཝུའོ་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲུའུ་མ་ལེ་རང་རྒྱལ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲིར་ཡོང་བར་བསུ་བ་བྱས།

ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ལྕམ་མོ་ཕིན་ལེ་ཡོན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ལི་ཅི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ལེ་ཀྲན་ཧྲུའུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཧྲིན་ཡའོ་ཡའོ། རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཅ་རོས་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།

ཉིན་དེའི་ཕྱི་དྲོར་ཐོག་མར་དམག་དཔུང་གི་རོལ་མོའི་ཚོགས་པས་ལའོ་ཝུའོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་། དེར་མཐུད་ནས་ཀྲུའུ་མ་ལེ་དང་ཞི་ཅིན་ཕེན་རྣམ་གཉིས་ཀྱིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་གསུམ་པའི་གཟབ་སྦྲེང་རུ་ཁག་ལ་ཞིབ་གཟིགས་གནང་།

ཀྲུའུ་མ་ལེ་ནི་ཞི་ཅིན་ཕེན་གྱིས་གདན་དྲངས་བ་ལྟར་རང་རྒྱལ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲིར་ཡོང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག