མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲུའུ་མ་ལེ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-27 10:52


ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲུའུ་མ་ལེ་ལ་མཇལ་འཕྲད་གནང་།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས26ཉིན་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲུའུ་མ་ལེ་ལ་མཇལ་འཕྲད་གནང་། ལིས་ཁི་ཆང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཁྱེད་དང་མཉམ་དུ་ཕུན་སུམ་ཚོགས་པའི་གླེང་མོལ་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝུའོ་ཕྱོགས་དང་མཉམ་དུ་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་གཏིང་ཟབ་ཏུ་གཏང་འདོད་ཡོད་པར་མ་ཟད། ཉོ་ཚོང་དངུལ་གཏོང་དང་རྨང་གཞིའི་སྒྲིག་ཆས་སོགས་ཐད་ཀྱི་མཉམ་ལས་ལ་ཡར་སྐུལ་བཏང་ནས་མི་གཞུང་དང་ས་གནས་ཀྱི་བརྗེ་རེས་རྒྱ་བསྐྱེད་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་ནས་གོང་འཕེལ་དུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཨེ་ཤ་ཡའི་མགོ་ཁྲིད་རིམ་པའི་གྲོས་ཚོགས་སྐབས་བརྒྱད་པ་མི་འགྱང་པར་བསྡུ་རྩིས་ཡོད་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཚོགས་ཞུགས་རྒྱལ་ཁབ་ཁག་དང་མཉམ་དུ་ས་གནས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་མཉམ་ལས་ཇུས་ཆེན་ལ་གྲོས་བསྡུར་བྱེད་པར་རེ་སྒུག་བྱས་ཡོད། ང་ཚོས་ཡོ་རོབ་གླིང་ཤར་ཕྱོགས་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་འདོད་ཡོད་པར་མ་ཟད། ཕན་ཚུན་བར་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཡོ་རོབ་གླིང་ཤར་ཕྱོགས་མནའ་འབྲེལ་རང་དབང་ཉོ་ཚོང་ཁུལ་གྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་དང་། ཕྱོགས་གཉིས་བར་གྱི་མཉམ་འབྲེལ་འཛུགས་སྐྲུན་དང་དངུལ་ལོར་མཉམ་ལས་ལ་ཤུགས་བསྣན་ནས་མཉམ་དུ་མཚོ་ཐོག་གི་མཉམ་ལས་བཟང་བོར་སྤེལ་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་ཤར་ཕྱོགས་མནའ་འབྲེལ་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཀྲུའུ་མ་ལེ་ཡིས་བཤད་རྒྱུར། ལའོ་ཝུའོ་ཏང་དང་སྲིད་གཞུང་གིས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཤུགས་སྣོན་པ་དང་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཡོ་རོབ་གླིང་ཤར་ཕྱོགས་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ཝང་ཅ་རོས་མཇལ་འཕྲད་ལ་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག