མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་མཚོན་ཆ་བེད་སྤྱོད་ལེགས་པོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་མགོ་ཁྲིད་ཚན་ཁག་རང་སྟེང་གི་གནད་དོན་ཐག་གཅོད་པའི་ནུས་པ་ཇེ་ཆེར་གཏོང་དགོས་ཞེས་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-26 11:36

01.jpg

  སྤྱི་ཟླ9བའི་ཚེས23ནས་ཚེས25ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་འབྲེལ་འདྲིས་ཞིང་ཆེན་ཧི་པེ་ལ་ཕེབས་ཏེ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཚན་ཁག་གི་དམངས་གཙོ་འཚོ་བའི་ཚོགས་འདུའི་བརྒྱུད་རིམ་ཡོངས་ལ་ཞུགས་ཏེ་མཛུབ་སྟོན་གནང་། འདི་ནི་སྤྱི་ཟླ9བའི་ཚེས23ཉིན་གྱི་སྔ་དྲོར། ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ལྟ་རྟོག་མཛུབ་སྟོན་ཚན་ཁག་གི་ཧི་པེ་ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་སྐོར་གྱི་གནས་ཚུལ་ཡར་ཞུ་ལ་ཉན་པའི་ཚུལ་རེད། 

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་སྤྱི་ཟླ9བའི་ཚེས23ནས25ཉིན་བར་ཧི་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཚན་ཁག་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུར་ཞུགས་ཏེ་གསུངས་བཤད་གལ་ཆེན་གནང་།

  ཁོང་གིས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནི་ཏང་ནང་ཁུལ་གྱི་འགལ་བ་ཐག་གཅོད་པའི་མཚོན་ཆ་ལེགས་པོ་ཞིག་ཡིན་པས། ཏང་ཡོངས་ཀྱི་བློ་མཐུན་དང་སྒོས་སུ་རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པས་ཏང་གཤིས་ཇེ་དྲག་ཏུ་གཏོང་བ་དང་། རང་ཉིད་དང་བློ་མཐུན། ཚན་ཁག ཏང་བཅས་ལ་ཧ་ཅང་འགན་ཁུར་བའི་དགོངས་དོན་ལ་གཞིགས་ཏེ། མཚོན་ཆ་དེ་སྤོབས་པ་ཆེན་པོས་བེད་སྤྱོད་དང་རྒྱུན་པར་བཀོད་སྤྱོད་བྱས་ཏེ། དམངས་གཙོ་གཅིག་བསྡུས་ལམ་ལུགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ནང་ཁུལ་གྱི་འཚོ་བ་གཟབ་ནན་གྱིས་ཚད་ལྡན་དུ་གཏོང་བ། ཏང་གཤིས་རྩ་དོན་རྨང་གཞིའི་སྟེང་གི་མཐུན་སྒྲིལ་བཅས་ལ་ཡར་སྐུལ་བཏང་ནས། མགོ་ཁྲིད་ཚན་ཁག་གིས་རང་སྟེང་གི་གནད་དོན་རྟོགས་པ་དང་དེ་ཐག་གཅོད་པའི་ནུས་པ་ཇེ་ཆེར་གཏོང་དགོས་པ་ནན་གྱིས་བསྟན།

  ཧི་པེ་ཞིན་ཆེན་ནི་ཞི་ཅིན་ཕེན་གྱི་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་དུ་འབྲེལ་འདྲིས་བྱེད་སའི་ཞིང་ཆེན་ཡིན་ལ། ཞི་ཅིན་ཕེན་གྱིས་ཧི་པེ་ཞིང་ཆེན་གྱི་སྐོར་ཐེངས་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་ཧ་ཅང་ཐུགས་ཁུར་གནང་བ་དང་། ཟླ་བདུན་པའི་ཟླ་དཀྱིལ་དུ་ཧི་པེ་ཡི་བྱ་བར་ཆེད་དུ་རྟོག་ཞིབ་དང་མཛུབ་སྟོན་གནང་རྗེས། ཡང་བསྐྱར་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཐེངས་མང་མཛད་དེ། བརྒྱུད་རིམ་ཁག་གི་བྱ་བར་རྩ་འཛུགས་ཞིབ་མོ་དང་། ལྟ་ལྟོག་དང་མཛུབ་སྟོན་བྱེད་པར་ཤུགས་བསྣན་ནས། བྱ་འགུལ་དེ་ལ་ངེས་པ་དོན་གྱི་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས་པའི་ཐུགས་རེ་བཏོན། ཞི་ཅིན་ཕེན་གྱིས་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་ལེགས་པོར་བསྡུ་བའི་ཐད་བྱེ་བྲག་གི་མཛུབ་སྟོན་གནང་སྟེ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཚན་ཁག་གིས་མིག་དཔེ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས་པའི་ཐུགས་རེ་བཏོན།

  ཧི་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཚན་ཁག་གིས་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས རྒྱས་སྤྲོད་ཀྱི་སྤྱོད་ངན་བཅས་ལ་གཞིགས་ཏེ། མང་ཚོགས་ལ་བསམ་འཆར་ཆེ་བའི་གནད་དོན་ཐག་གཅོད་པའི་ཐད་ཀྱི་གྲུབ་འབྲས་མངོན་གསལ་མིན་པ་སོགས་ཕྱོགས་ཀྱི་གནད་དོན་གཙོ་བོ་དྲུག་རྙེད། གནད་དོན་དེ་རིགས་ལ་དམིགས་ཏེ། རྒྱུན་ལས་ཚན་ཁག་གིས་བསམ་བློའི་ཀུན་སློང་དང་མང་ཚོགས་ཀྱི་ལྟ་བ། སྒྲིག་ལུགས་འདུ་ཤེས། ཏང་གཤིས་བློ་སྦྱོང་སོགས་སྣང་མེད་དུ་བཞག་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་ཟབ་མོ་བྱས་ཏེ། བྱེ་བྲག་གི་སྒྱུར་བཅོས་ཇུས་གཞི་གཏན་ལ་ཕབ།

  གྲོས་ཚོགས་ཀྱི་སྐབས་སུ། ཞི་ཅིན་ཕེན་གྱིས་ཉན་ཞོར་དུ་ཟིན་བྲིས་འདེབས་ཞོར་དང་། སྐབས་ལ་རེར་དྲི་བ་འདོན་པ་དང་། གཏམ་བཤད་ལ་དཔྱད་ཞིབ་ཐེངས་མང་གནང་། གྲོས་ཚོགས་མཇུག་བསྡུ་སྐབས། ཀྲུང་དབྱང་ལྟ་རྟོག་མཛུབ་སྟོན་ཚན་ཁག་གི་ཚན་གཙོ་ཝང་ཅིན་ཧྲན་གྱིས་གྲོས་ཚོགས་ལ་གདེང་འཇོག་གནང་།

  ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་ཧི་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཚན་ཁག་གི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་ཁས་བླངས་པར་མ་ཟད། ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་ནི་མགོ་བཟང་བོ་ཞིག་ཚུགས་པ་ཙམ་ཡིན་ལ། གནད་དོན་འཚོལ་བའི་དམིགས་ཡུལ་ནི་གནད་དོན་ཐག་གཅོད་རྒྱུ་དེ་ཡིན་པས། ཡང་དག་པའི་ངོས་ཟིན་དེ་བྱ་སྤྱོད་ཀྱི་སྟེང་ནས་དོན་ཐོག་ཏུ་འཁྱོབ་བར་བྱེད་དགོས་ཞེས་བསྟན།

  ཞི་ཅིན་ཕེན་གྱིས་ཤ་ཚ་བའི་གཏམ་ལ་སྙན་མོ་མེད་ལ། ནད་དྲགས་པའི་སྨན་ལ་ཞིམ་པོ་མེད་ཅེས་པའི་དཔེ་ལྟར། གུང་ཁྲན་ཏང་མི་ཞིག་ཡིན་པའི་ངོས་ནས། སྐད་ཆ་ཚོགས་ཐོག་ནས་བཤད་དགོས། སྐྱོན་བརྗོད་དུས་སྤྱི་སེམས་ཡོད་དགོས་པ་དང་རྣམ་འགྱུར་དྲང་བ། དངོས་ཐོག་བདེན་འཚོལ་དང་། བདེན་རྫུན་གྱིས་དབྱེ་བ་འབྱེད་པ། ཉེ་རིང་ཆགས་སྡང་རིང་དུ་དོར་ནས་དོན་དག་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།

  ཝང་ཧུའུ་ཉིན་དང་ཀྲའོ་ལི་ཅི། ལིས་ཀྲན་ཧྲུའུ་བཅས་དང་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཡང་གོང་གི་བྱ་འགུལ་ལ་ཞུགས།   །
 

02.jpg

འདི་ནི་སྤྱི་ཟླ9བའི་ཚེས23ཉིན་གྱི་སྔ་དྲོར། ཞི་ཅིན་ཕེན་གྱིས་ཧི་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཀྲིག་པུན་ཧྲོན་དང་སེམས་གཏམ་གླེང་བའི་ཚུལ་རེད།
 

03.jpg

སྤྱི་ཟླ9བའི་ཚེས25ཉིན་གྱི་སྔ་དྲོར། ཞི་ཅིན་ཕེན་གྱིས་ཧི་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཚན་ཁག་གི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་སྟེང་གསུང་བཤད་གནང་བའི་ཚུལ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག