མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཨུ་རུ་སི་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-26 11:36

111.jpg

  སྤྱི་ཟླ9བའི་ཚེས23ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།

222.jpg

  སྤྱི་ཟླ9བའི་ཚེས23ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཀྲུའུ་ཞི་མ་ཐི་བེ་ཡན་ཁི་དང་གྲོས་མོལ་མཛད།

333.jpg

  སྤྱི་ཟླ9བའི་ཚེས23ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཀྲུའུ་ཞི་ན་ལོས་ཧྲི་ཅི་དང་གྲོས་མོལ་མཛད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མ་ཐི་ཝེ་ཡན་ཁི་དང་རྒྱལ་ཁབ་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་ན་ལོས་ཧྲི་ཅིན་གཉིས་ཀྱིས་གདན་དྲངས་པ་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་སྤྱི་ཟླ9བའི་ཚེས22ཉིན་ནས་ཚེས25ཉིན་བར་ཨུ་རུ་སི་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་པ་དང་། སོ་ཆི་གྲོང་ཁྱེར་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་ཞིང་། མོ་སི་ཁོ་གྲོང་ཁྱེར་ནས་ཀྲུའུ་ཞི་མ་ཐི་ཝེ་ཡན་ཁི་དང་ཀྲུའུ་ཞི་ན་ལོས་ཧྲི་ཅི་གཉིས་དང་གྲོས་མོལ་མཛད།

  ཕུའུ་ཅིན་ལ་མཇལ་འཕྲད་གནང་སྐབས་ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨུ་རུ་སི་ནི་ཆེས་གཙོ་ཞིང་ཆེས་གལ་ཆེ་བའི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོ་ཡིན། ཅང་མ་འགོར་བའི་སྔོན་ལ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཧྲིན་པིས་ཏི་པོ་ནས་ཐུག་འཕྲད་བྱས་ཏེ་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་གསར་བ་བྱུང་། བདག་གིས་ད་ཐེངས་འཚམས་འདྲི་བྱས་པ་བརྒྱུད་ནས་གྲོས་ཁང་གི་ངོས་ནས་ཕྱོགས་གཉིས་ཀྱི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ནས། ཀྲུང་གོ་དང་ཨུ་རུ་སི་བར་གྱི་ཆུ་ཚད་མཐོ་བའི་ཆབ་སྲིད་འབྲེལ་བ་དེ་སྔར་ལས་མང་བའི་མཉམ་ལས་ཀྱི་གྲུབ་འབྲས་སུ་བསྒྱུར་བར་སྐུལ་འདེད་གཏོང་ངེས་ཡིན་ཟེར།

  ཀྲང་ཏི་ཅང་གིས་མ་ཐི་ཝེ་ཡན་ཁི་དང་ན་ལོས་ཧྲི་ཅིན་གཉིས་དང་གྲོས་མོལ་མཛད་སྐབས་གསུངས་རྒྱུར། ཁྲིམས་འཛུགས་ལས་ཁུངས་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་ནི་ཀྲུང་གོ་དང་ཨུ་རུ་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་མཚོན་བྱེད་གལ་ཆེན་ཡིན། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་དུས་དང་རྣམ་པ་ཀུན་ཏུ་འཐབ་ཇུས་ཀྱི་མཐོ་ཚད་ནས་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་པ་དང་། ཕྱོགས་གཉིས་ཀྱིས་རང་རང་གི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ། མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་ཞིང་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་སྔར་ལས་བཟང་བོའི་སྒོ་ནས་རྒྱལ་ཁབ་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཞབས་ཕྱི་བསྒྲུབ་དགོས་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག