མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་དམག་ཨུ་ཡིས་ཉེ་དུས་དམག་དཔུང་འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་ཁྲིའི་རྩིས་བཤེར་ལས་དོན་ལ་ཤུགས་སྣོན་དང་བསྒྱུར་བཅོས་བྱེད་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་འགྲེམ་སྤེལ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-26 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུའུ་ཞི་ཞི་ཅིང་ཕིང་གི་ཆོག་མཆན་གནང་བ་བརྒྱུད། ཀྲུང་དབྱང་དམག་ཨུད་ཀྱིས་ཉེ་དུས་དམག་དཔུང་འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་ཁྲིའི་རྩིས་བཤེར་ལས་དོན་ལ་ཤུགས་སྣོན་དང་བསྒྱུར་བཅོས་བྱེད་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་འགྲེམ་སྤེལ་བྱས་ནས། རྣམ་པ་གསར་པའི་འོག་དམག་དཔུང་གི་འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་ཁྲིའི་རྩིས་བཤེར་ལས་དོན་ལ་ཤུགས་སྣོན་དང་བསྒྱུར་བཅོས་སྔར་ལས་ལྷག་པ་བྱེད་ཆེད། གལ་ཆེའི་སྲུང་བརྩི་མཁོ་འདོན་བྱས་ཡོད་པ་དང་། འགོ་ཁྲིད་ལས་བྱེད་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་དང་སྤྱོད་ཚུལ་འཛུགས་སྐྱོང་དང་རོལ་སྲུང་འགོག་བཅོས་དང་སྤྱོད་གཙང་དར་སྤེལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་གལ་ཆེའི་དོན་སྙིང་ལྡན་ཡོད་པ་རེད།

བསམ་འཆར་ནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་གྱིས་མཛུབ་ཁྲིད་བྱས་ནས། ཀྲུའུ་ཞི་ཞི་ཅིང་ཕིང་གིས་གསུང་བཤད་གནང་བའི་ཏང་ནན་པོར་སྐྱོང་བ་དང་དམག་དཔུང་ནན་པོར་སྐྱོང་བ། དཔོན་རིགས་ནན་པོར་སྐྱོང་བ་བཅས་ཀྱི་ལས་དོན་སྤེལ་ཤུགས་ཤུགས་ཆེར་བཏང་ནས། དབང་ཆ་ལམ་ལུགས་ཀྱི་སྒྲིག་གཞིའི་ནང་བཅུག་པ་སོགས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་འཁྲིའི་ཞིབ་རྩིས་ཀྱི་ལྟ་སྐུལ་ཁྱབ་ཁོངས་དང་ནང་དོན་གཙོ་བོ། སྒྲིག་འཛུགས་ཐབས་ལམ། དཔྱད་དཔོག་ཚད་གཞི། རྩིས་བཤེར་ཐག་གཅོད་བྱེད་རྒྱུ་བཅས་ཁ་གསལ་བཟོས་ཡོད། བསམ་འཆར་ནང་། དམག་དཔུང་རུ་སྒྲེང་ཚན་པ་དང་ལས་ཁུངས་སྡེ་ཁག་གི་འགོ་ཁྲིད་ལས་བྱེད་པ། དམག་དཔུང་བྱ་གཞག་ཚན་པ། འགན་ལེན་རང་བཞིན་གྱི་ཁེ་ལས་འགན་འཁུར་མི་སྣ། དེ་བཞིན་ཆེད་དོན་དཔལ་འབྱོར་ལས་དོན་ཀྱི་འགན་འཁྲི་ཡོད་པའི་འགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་ཁྲིམས་ལྟར་རྩིས་བཤེར་ལྟ་སྐུལ་དང་ལེན་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག