མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སློབ་གསོ་པུས་བྱིས་པར་བཙན་གཡེམ་ཕོག་པར་སྔོན་འགོག་བྱེད་པའི་ལས་དོན་ཐད་ཀྱི་བསམ་འཆར་ཞེས་པ་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-26 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས་བྱིས་པར་བཙན་གཡེམ་བྱེད་པའི་གྱོད་གཞིར་སྤྱི་ཚོགས་ཀྱི་ཚད་མཐོའི་མཐོང་ཆེན་བྱས་པར་དམིགས་ནས། སློབ་གསོ་པུའུ་སོགས་ཚན་པ་བཞིས་སྤྱི་ཟླ9བའི་ཚེས24ཉིན་མཉམ་འབྲེལ་ཐོག་ཕྲུ་གུ་བྱིས་པར་བཙན་གཡེམ་ཕོག་པར་སྔོན་འགོག་བྱེད་པའི་ལས་དོན་ཐད་ཀྱི་བསམ་འཆར་ཞེས་པ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

བསམ་འཆར་ནང་། སློབ་གྲྭ་འབྲིང་ཆུང་གིས་འཆད་ཁྲིད་སོགས་ཀྱི་རྣམ་པའི་ཐོག་ནས་བཙན་གཡེམ་ཕོག་རྒྱུར་སྔོན་འགོག་བྱེད་པའི་སློབ་གསོ་བརྒྱབ་ནས། བྱིས་པས་བཙན་གཡེམ་ཕོག་རྒྱུར་སྔོན་འགོག་བྱེད་པའི་ཐད་ཀྱི་ཤེས་བྱར་ཤེས་རྟོགས་བྱ་རྒྱུར་རོགས་རམ་བྱེད་དགོས་པ་དང་། གང་འདྲ་ཞིག་ལ་བཙན་གཡེམ་ཟེར་གྱི་ཡོད་མེད་ཤེས་རྟོགས་ཐུབ་པ་བྱེད་པ། བཙན་གཡེམ་ཕོག་པའི་རྗེས་གང་འདྲ་བྱས་ནས་མི་གཞན་གྱི་རོགས་རམ་ཐོབ་ཐབས་བྱེད་པ་བཅས་ལ་རོགས་རམ་བྱས་ཡོད།

སློབ་མ་ཁྱིམ་ནས་ཁ་བྲལ་སྐབས་ངེས་པར་དུ་ཕ་མར་ག་དུས་ལོག་ཡོང་མིན་དང་། སུ་ཞིག་དང་མཉམ་དུ་ཡོད་མེད། འབྲེལ་གཏུག་བྱ་ཡུལ་བཅས་བཤད་དགོས་པ་མ་ཟད། ཕ་མའི་ཁ་པར་ཨང་གྲངས་དང་ཉེན་རྟོག་པའི་ཁ་པར་ཨང་གྲངས་ངེས་པར་ངེས་དགོས་པའི་སློབ་གསོ་རྒྱག་དགོས། གཞན་ཡང་ཁྱིམ་བདག་ཚོགས་འདུ་སོགས་ཀྱི་བྱ་ཐབས་བརྒྱུད་ནས། ཁྱིམ་བདག་ནས་བཙན་གཡེམ་ཐད་ཀྱི་ཤེས་བྱ་ཤེས་པ་བྱ་དགོས་པ་མ་ཟད་ཐབས་ཤེས་འོས་འཚམ་གྱི་ཐོག་ནས་ཕྲུ་གུར་འབྲེལ་བཤད་རྒྱག་དགོས། སློབ་གྲྭས་ལོ་རིམ་དམའ་བའི་སློབ་མར་སློབ་མ་སྐྱེལ་མཁན་དང་བསུ་མཁན་གྱི་ལམ་ལུགས་བཟོ་དགོས་པ་དང་། ཕྲུ་གུ་བུ་མོའི་མལ་ཁང་ཡོངས་མཚན་ལ་སྒོ་རྒྱག་པའི་དོ་དམ་ལམ་ལུགས་ལག་བསྟར་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག