མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡིས་རྒྱལ་ཁབ་སྡོམ་རྩིས་སྤུས་ཚད་འགན་སྲུང་སྒྲོམ་གཞི་ཞེས་པ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-26 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྔར་ལས་ལྷག་པའི་སྒོ་ནས་རང་རྒྱལ་གྱི་སྡོམ་རྩིས་སྤུས་ཚད་དོ་དམ་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་ཆེད། སྡོམ་རྩིས་བཅའ་ཁྲིམས་ཞེས་པ་དང་རྒྱལ་ཁབ་སྡོམ་རྩིས་སྤུས་ཚད་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སྡོམ་རྩིས་ཨུ་ཡོན་ལྷན་ཁང་གིས་གསར་དུ་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱི་སྤུས་ཚད་ཀུན་སྤྱོད་སྒྲོམ་གཞིའི་མ་དཔེར་འགན་སྲུང་བྱེད་དགོས་ཅེས་པ་དཔྱད་གཞིར་འཛིན་ནས་རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡིས་རྒྱལ་ཁབ་སྡོམ་རྩིས་སྤུས་ཚད་འགན་སྲུང་སྒྲོམ་གཞི་ཞེས་པ་བཏོན་ཡོད་པ་རེད།

དེ་སྔའི་སྡོམ་རྩིས་སྤུས་ཚད་དོ་དམ་དང་བསྡུར་བ་ཡིན་ན། གསར་དུ་བཏོན་པའི་རྒྱལ་ཁབ་སྡོམ་རྩིས་སྤུས་ཚད་འགན་སྲུང་སྒྲོམ་གཞི་ཞེས་པར་སྤུས་ཚད་དོ་དམ་གྱི་འདུ་ཤེས་དང་བྱ་ཐབས་ཐད་ཡར་རྒྱས་མངོན་གསལ་འདོད་པོ་སོང་ཡོད་པ་རེད། སྒྲོམ་གཞིས་སྡོམ་རྩིས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་། སྡོམ་རྩིས་ཚད་གཞི། སྡོམ་རྩིས་བརྟག་དཔྱད་ལམ་ལུགས། སྡོམ་རྩིས་ལད་ཆོད་འཕེལ་རིམ་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་སྔར་བས་སྐྱོན་བྲལ་དང་ཚད་ལྡན་ཅན་དུ་བཏང་བ་བརྒྱུད་དེ། སྡོམ་རྩིས་ལས་དོན་ཚད་ལྡན་ཅན་དུ་འགྱུར་བའི་ཆུ་ཚད་གོང་མཐོར་ཤུགས་ཆེན་གཏོང་ཐུབ་བཟོ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག