མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ལོ2020ལོར་རང་རྒྱལ་གྱི་ནགས་ལས་ཐོན་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་འབུམ1ཟིན་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-25 10:53

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ནགས་ལས་ཅུའུ་ཡིས་སྤྱི་ཟླ9བའི་ཚེས23ཉིན། ཅུད་དེས་ཉིན་ཤས་གོང་པར་འགྲེམས་བྱས་པའི་སྤྱི་ལོ་2013ལོ་ནས2020ལོའི་བར་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འཆར་འགོད་རྩ་གནད་ཅེས་པའི་ནང་། སྤྱི་ལོ2020ལོར་སླེབས་དུས་རང་རྒྱལ་གྱི་ནགས་ཚལ་ཁེབས་ཚད23%ཡན་ཟིན་རྒྱུ་དང་། ནགས་ལས་ཐོན་ལས་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་འབུམ1ཙམ་ཟིན་རྒྱུ་ཡིན་པ་གསལ་པོ་བསྟན་ཡོད་ཅེས་གསུངས་པ་དང་། རྩ་གནད་ནང་སྐྱེ་ཁམས་ནགས་ལས་དང་དམངས་ཀྱི་འཚོ་བའི་ནགས་ལས་ཞེས་པའི་ལམ་ཐིག་གཙོ་བོ་གཉིས་ལ་དམ་པོར་གཞིགས་པ་དང་། གཞུང་ཁོངས་ས་ཆའི་སྐྱེ་ཁམས་བར་ཁམས་འཆར་འགོད་མ་ལག་དང་། སྐྱེ་ཁམས་སླར་གསོའི་ལས་གཞིའི་མ་ལག་གལ་ཆེན། སྐྱེ་ཁམས་ཐོན་རྫས་དང་ཐོན་སྐྱེད་མ་ལག སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ཀྱི་མ་ལག སྐྱེ་ཁམས་ཀྱི་རིག་གནས་མ་ལག་བཅས་འཛུགས་རྒྱུར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རེད་ཅེས་དང་། རྩ་གནད་ནང་ད་དུང་ནགས་ལས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་བྱ་སྤྱོད་བཏོན་ཡོད་པ་སྟེ། སྐྱེ་ཁམས་ཀྱི་ཐིག་དམར་སྲུང་སྐྱོབ་བྱ་སྤྱོད་དང་། སྐྱེ་ཁམས་ཀྱི་ནུས་པའི་ཁུལ་གཙོ་བོའི་འཛུགས་སྐྲུན་གྱི་བྱ་སྤྱོད། ནགས་ཚལ་གསོ་སྐྱོང་དང་ཤིང་ཆ་གསོག་འཇོག་བྱ་སྤྱོད། འདམ་ར་སླར་གསོའི་བྱ་སྤྱོད། བྱེ་ས་ཅན་ལ་འགྱུར་བའི་ས་ཆ་བཀག་འགོག་བྱེད་པའི་བྱ་སྤྱོད། དངོས་རིགས་མྱུར་སྐྱོབ་བྱ་སྤྱོད། གྲོང་ཁྱེར་གྱི་ནགས་ལས་འཛུགས་སྐྲུན་བྱ་སྤྱོད་སོགས་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག