མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་བྱེ་རླུང་འགོག་བཅོས་ལ་འཛམ་གླིང་གི་དགའ་བསུ་ཐོབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-25 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཇུག་སྒྲིལ་མ་ཐག་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེ་ཐང་ཅན་འགོག་བཅོས་ཆིང་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་གྱི་མཐོ་རིམ་ལྷུ་ཚིག་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོའི་དབྱིས་ལིས་ཐོན་ཁུངས་ཚོགས་པའི་སྤྱི་འདོམས་པ་ཝང་ཝུན་པེའོ་ལ་མཉམ་འབྲེལ་རྒྱལ་ཚོགས་ནས་སྤྲད་པའི་སྐབས་དང་པོའི་འཛམ་གླིང་ཡོངས་ཀྱི་བྱེ་བཅོས་འགོ་ཁྲིད་པའི་བྱ་དགའ་ཐོབ་ཡོད་པ་རེད།

ཀྲུང་གོའི་སྲིད་གཞུང་ནས་རྒྱབ་སྐྱོར་བྱས་པའི་འོག་ཝང་ཝུན་པེའོ་ཡིས་དབྱིས་ལིས་ཐོན་ཁུངས་ཚོགས་པའི་སྣེ་ཁྲིད་ནས་ལོ་ངོ25ནང་ཁུ་པུ་ཆི་བྱེ་ཐང་་གི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ5000ཙམ་སྔོ་ལྗང་ཅན་དུ་འགྱུར་བ་དང་དེས་ཀྲུང་གོའི་བྱེ་ཐང་ཅན་ལ་འགྱུར་བའི་རྒྱ་ཁྱོན་གྱི་སུམ་བརྒྱའི་ཆ་གཅིག་ཟིན་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱིས་ལིས་ཚོགས་པས་ཁྲོམ་ར་ཅན་ལ་འགྱུར་བ་དང་ཐོན་ལས་ཅན་ལ་འགྱུར་བ། སྤྱི་ཕན་ཅན་ལ་འགྱུར་བ་བཅས་ཀྱི་རྒྱུན་མཐུད་སྤྱི་ཕན་ཚོང་ལས་ཀྱིས་བྱེ་བཅོས་བྱེད་སྟངས་བེད་སྤྱོད་བཏང་ནས་རྒྱལ་ཁབ་གཞན་དག་ལ་བྱེ་ཐང་འགོག་བཅོས་ཀྱི་མིག་དཔེ་སྟོན་ཡོད་པ་དང་འཛམ་གླིང་ཡོངས་ཀྱི་བྱེ་ཐང་ཅན་འགོག་བཅོས་ལ་སེམས་ཤུགས་སྤྲད་པ་དང་བློ་སྒོ་ཕྱེ་བའི་ངོས་འཛིན་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག