མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཐེ་ཝན་གྲངས་ཉུང་མི་རིགས་འཐུས་མི་ཚོགས་པས་ཉིང་ཞ་ལ་རྟོག་ཞིབ་དང་འཚམས་འདྲི་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-25 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ9བའི་ཚེས24ཉིན་གྱི་སྔ་དྲོ། ཐེ་ཝན་དམངས་འདོད་འཐུས་ཚབ། གོ་མིང་ཏང་ཀྲུང་དབྱང་གི་རྒྱུན་ལས་ཨུ་ཡོན་ལེའོ་གོ་ཏུང་གིས་ཚོགས་གཙོ་བྱས་པའི་ཐེ་ཝན་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཚོགས་པའི་མི30ལྷག་གིས་ཀན་སུའུ་ཉིང་ཞ་ལ་ལྟ་སྐོར་དང་རྟོག་ཞིབ་བྱེད་མཇུག་སྒྲིལ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེ་ཝན་གྲངས་ཉུང་མི་རིགས་ཀྱིས་འཚམས་འདྲིའི་བྱེད་སྒོ་བདེ་བླག་ངང་ཐེངས་བཞི་སྤེལ་ཡོད་པ་དང་། བྱེད་སྒོ་དེའི་དམིགས་ཡུལ་ནི་མཚོ་ཁག་གཡས་གཡོན་གཉིས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས། ས་ཁུལ་གཉིས་ཀྱི་གྲངས་ཉུང་མི་རིགས་བར་གྱི་ཤེས་རྟོགས་དང་མཛའ་ཤེས་ཟབ་ཏུ་གཏོང་ཆེད་ཡིན་པ་རེད།

ད་ཐེངས་འཚམས་འདྲིར་ཕེབས་པ་ནི་ཐེ་ཝོན་གྱི་ཨ་མེ་རིགས་དང་ཏེ་ཡ་རིགས། ལུ་ཁའེ་རིགས་ཀྱི་འཐུས་མི་བཅས་ཡོད། ཁོང་རྣམ་པ་ནི་ཐེ་ཝན་གྱི་སྨན་བཅོས་དང་དཔལ་འབྱོར་ཉོ་ཚོང་། སློབ་གསོ་སོགས་ལས་རིགས་ཁག་ནས་ཡོང་བ་ཞིག་ཡིན། དུས་ཡུན་ཉིན7གྱི་བྱེད་སྒོའི་ཁྲོད། འཐུས་མི་ཚོགས་པས་ཆིང་ཀྲན་ཟས་རིགས་དང་མུ་སི་ལིན་མཁོ་ཆས་ཀྱི་ཁེ་ལས་དང་མི་རིགས་སློབ་གསོ། གནས་སྤོས་ཡུལ་མིའི་གྲོང་ཚོ་གསར་པ། དེ་བཞིན་ཀྲུང་ཧྭ་ཡི་ཧུའེ་རིགས་རིག་གནས་གླིང་སོགས་ལ་ལྟ་སྐོར་བྱས་ནས། ཉིང་ཞ་ཧུའེ་རིགས་ཀྱི་རིག་གནས་གོམས་སྲོལ་དང་འཚོ་བའི་གནས་ཚུལ་ལ་ཤེས་རྟོགས་གཏིང་ཟབ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག