མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ད་ལོ་ནས་བཟུང་རང་རྒྱལ་གྱིས་གཙོ་གནད་ཁྱབ་ཁོངས་ལ་བསྒྱུར་བཅོས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-25 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་འདི་ཤར་ཚུན་དུ་དཔལ་འབྱོར་གོང་འཕེལ་འགྲོ་ཤུགས་ཆུང་དུ་ཕྱིན་པའི་གནོན་ཤུགས་མདུན་དུ་གཙོ་གནད་བསྒྱུར་བཅོས་རབ་དང་རིམ་པར་སྐུལ་འདེད་མགྱོགས་པོ་ཐེབས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་འགོད་བརྒྱུད་སྤྲོད་བྱས་པའི་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་སྤྱི་ལོ2013ལོའི་དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ཀྱི་གཙོ་གནད་ལས་དོན་སྐོར་གྱི་བསམ་འཆར་དོན་འཁྱོལ་ཧུར་ཐག་བྱུང་ནས་ཡུན་རིང་ནང་གོང་འཕེལ་ལ་ཚོད་འཛིན་བཟོ་བའི་མངོན་བསལ་དོད་པའི་འགལ་ཟླ་ཁག་ཅིག་སེལ་བཞིན་ཡོད་པ་རེད།

ད་ལོ་རང་རྒྱལ་གྱིས་བསྒྱུར་བཅོས་བྱ་ཐབས་ཁག་༢༠ལྷག་ཙམ་བཟུང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བསྒྱུར་བཅོས་དང་འགན་ནུས་བརྗེ་སྒྱུར་ལ་སྐུལ་འདེད་བརྟན་པོ་ཐེབས་པ། ལས་གཉེར་དཔྱ་ཕྲལ་དེ་རིམ་འཕར་དཔྱ་ཕྲལ་ལ་སྒྱུར་བའི་ཚོད་ལྟའི་ཁྱབ་ཁོངས་རྒྱ་ཆེར་བཏང་བ། ཁེ་ལས་ཆེས་ཆུང་གྲས་གོང་འཕེལ་གཏོང་རྒྱུར་ཕན་པའི་ཁྲལ་བསྡུའི་ལམ་ལུགས་ལག་བསྟར་བྱས་པ། དངུལ་རྩའི་ལས་ཁུངས་ཀྱི་དངུལ་བུན་གཏོང་བའི་སྐྱེ་ཚད་དོ་དམ་བྱེད་རྒྱུ་ལྷུག་ཏུ་བཏང་བ། དམངས་ཁྲོད་ཀྱི་མ་རྩ་དངུལ་རྩའི་ལས་རིགས་ནང་ཞུགས་རྒྱུར་སྐུལ་འདེད་བཏང་བ། ཁེ་ལས་འབྲིང་ཆུང་གི་མ་རྐང་ནང་ཤུགས་གཏོང་བའི་མ་ལག་ཚོད་ལྟ་བྱེད་རྒྱུ་རྒྱལ་ཡོངས་སུ་སྐུལ་སྤེལ་བཏང་བ། ཐོན་ཁུངས་རང་བཞིན་གྱི་ཐོན་རྫས་རིན་གོང་སྒྱུར་བཅོས་བྱེད་རྒྱུའི་ཐད་བྱ་ཐབས་གསར་པ་བཏོན་པ། ཆུ་བེད་ལས་གཞི་ཆུང་གྲས་དང་གཞུང་ཁོངས་ནགས་རྭ། གྲོང་གསེབ་ཀྱི་ཐོན་དབང་དང་འགན་དབང་ཐོ་བཀོད་དང་ལག་འཁྱེར་སྤྲོད་རྒྱུ་སོགས་གྲོང་གསེབ་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་བདེ་བླག་ཐེབས་པ། ཀྲུང་གོའི་ཧྲང་ཧེའི་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་ལ་ཆོག་མཆན་ཐོབ་པ། ལྕགས་ལམ་གྱི་མ་རྩ་བསྡུ་གསོག་སྒྲིག་གཞི་དང་ཟོག་འདྲེན་སྒྲིག་འཛུགས་སྒྱུར་བཅོས་བྱེད་འགོ་ཚུགས་པ། གཙོ་གནད་སློབ་གྲྭ་ཆེ་ཁག་གིས་གྲོང་གསེབ་ཀྱི་སློབ་མ་བསྡུ་བའི་བསྡུར་ཚད་རྒྱ་ཆེར་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་ཚབས་ཆེའི་ནད་གཞིའི་འགན་བཅོལ་ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད་པ་རེད།

ཁེ་ལས་མཁས་པ་དང་རིག་གནས་པས་ཡོངས་ཁྱབ་ཏུ་བསྟན་པར། སྒྱུར་བཅོས་དེ་དག་གིས་གནད་འགག་ཆེ་ས་དམ་འཛིན་བྱས་པས་མི་སེམས་འཕེལ་ཐུབ་པ་བྱུང་ཞིང་སྒྱུར་བཅོས་ཁྱོན་ཡོངས་དང་གཏིང་ཟབ་བྱས་པ་དེས་ཀྲུང་གོའི་གོང་འཕེལ་ལ་གནམ་ས་གསར་པ་ཞིག་གཏོད་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་པ་རེད།

སྒྱུར་བཅོས་བྱེད་རྒྱུར་མཐའ་མེད་པ་དང་སྤྱི་ཚོགས་ནས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ལོ་འདི་ཤར་ཚུན་གྱི་སྒྱུར་བཅོས་འཕེལ་རིམ་ལ་ཁེ་ལས་མཁས་པ་ཚོས་ཡོངས་ཁྱབ་ཏུ་ལན་ཆ་ཡག་པོ་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་མང་ཆེ་བས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། རེས་འཁོར་གསར་པའི་སྒྱུར་བཅོས་ལས་འགན་ཧ་ཅང་གི་དཀའ་ཚེགས་ཆེན་པོ་ཡོད་པ་དང་མིག་སྔར་གཞི་ནས་ལས་འགོ་ཚུགས་ཙམ་ཡིན་པས་ཕྱོགས་གང་ཅིའི་ཐད་ངོ་བོའི་རང་བཞིན་གྱི་འགག་གཏོར་ཡོང་རྒྱུ་དང་ཀྲུང་གོའི་དཔལ་འབྱོར་ལ་གསོན་ཤུགས་དང་རྒྱབ་ཤུགས་དེ་བས་ཆེ་རུ་འགྲོ་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག