མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

པེ་ཅིན་གྲོང་ཁྱེར་གྱིས་ཕྲུ་གུ་འཁྱམས་པོ་སློབ་གྲྭར་ལོག་རྒྱུའི་ཆེད་དོན་བྱ་སྤྱོད་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-25 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་པེ་ཅིང་གིས་ཕྲུ་གུ་འཁྱམས་པོ་སློབ་གྲྭར་ལོག་རྒྱུའི་ཆེད་དོན་བྱ་སྤྱོད་སྤེལ་ཡོད་པ་དང་། སང་ལོའི་ལོ་མཇུག་ཏུ་སླེབས་སྐབས། པེ་ཅིན་གྲོང་ཁྱེར་གྱི་ཐེམ་ཐོ་ཡོད་པའི་ཕྲུ་གུ་འཁྱམས་པོ་ཚོ་ཚང་མ་སློབ་གྲྭའི་ནང་སློབ་སྦྱོང་བྱེད་པར་ལོག་ཐུབ་པ་བྱ་རྒྱུ་ཡིན་པ་རེད། ཕྲུ་གུ་འཁྱམས་པོ་ཡོད་པ་ཤེས་འཕྲལ་རོགས་སྐྱོབ་དོ་དམ་ལས་ཁུངས་ཀྱིས་སློབ་གསོ་སྡེ་ཁག་དང་མཉམ་དུ་ཕྲུ་གྲུ་འཁྱམས་པོ་ཚོའི་དགོས་མཁོ་དང་ཁྱིམ་ཚང་གི་ལྟ་སྐྱོང་གནས་ཚུལ་ལ་དཔྱད་དཔོག་ལས་དོན་སྤེལ་རྒྱུ་ཡིན་པ་དང་ཡུན་བབ་དང་བསྟུན་པ་དང་རིགས་དབྱེ་ནས་རོགས་སྐྱོབ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་ཀྱིས་སློབ་ལོ་ལོན་པའི་ཕྲུ་གུ་འཁྱབས་པོ་ཚོ་ཐེམ་ཐོ་གནས་སའི་སློབ་གྲྭར་སློབ་སྦྱོང་བྱེད་པར་གཏོང་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག