མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

པེ་ཅིན་སོགས་ཀྱིས་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་བྱེད་པའི་སྐོར་གྱི་སྒྲིག་སྲོལ་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-25 10:42

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོར་ཡུག་སྲུང་སྐྱོབ་པུའུ་དང་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་དྲུག་གིས་སྤྱི་ཟླ9བའི་ཚེས23ཉིན་མཉམ་འབྲེལ་ཐོག་པེ་ཅིན་དང་ཐན་ཅིན། ཧོ་པེ་བཅས་དང་མཐའ་འཁོར་ས་ཁུལ་གྱིས་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི་དོན་འཁྱོལ་བྱེད་པའི་ལག་བསྟར་ཞིབ་ཕྲའི་སྒྲིག་སྲོལ་ཁྱབ་བསྒྲགས་བྱས་པ་རེད།

པེ་ཅིན་དང་ཐན་ཅིན། ཧོ་པེ་བཅས་དང་མཐའ་འཁོར་ས་ཁུལ་གྲས་སུ་པེ་ཅིང་དང་ཐན་ཅིན། ཧོ་པེ། ཧྲན་ཤི། ནང་སོག ཧྲན་ཏུང་བཅས་ནི་རང་རྒྱལ་གྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་ཚབས་ཆེ་ཤོས་ཀྱི་ས་ཁོངས་ཡིན་པ་དང་ལག་བསྟར་ཞིབ་ཕྲའི་སྒྲིག་སྲོལ་ནང་གཏན་ལ་ཕབ་པའི་ཞིབ་ཕྲའི་དམིགས་འབེན་ནི་སྤྱི་ལོ2017ལོར་སླེབས་སྐབས། པེ་ཅིན་དང་ཐན་ཅིན། ཧོ་པེ་བཅས་ཀྱི་ཐལ་རྡུལ་ཕྲ་རབ་ཀྱི་ཚབས་ཆེ་ཚད་སྤྱི་ལོ2012ལོའི་རྨང་གཞིའི་ཐོག25%ཡས་མས་ཆག་པ་བྱེད་པ་དང་། ཧྲན་ཤི་དང་ཧྲན་ཏུང་དུ20%ཆག་པ་བྱེད་རྒྱུ། ནང་སོག་རང་སྐྱོང་ལྗོངས་སུ10%ཆག་པ་བྱེད་རྒྱུ་ཡིན་པ་རེད།

ཞིབ་ཕྲའི་སྒྲིག་སྲོལ་ནང་ཞིབ་ཕྲའི་བྱ་ཐབས20ཙམ་ཚུད་ཡོད་ཅིང་།དཔེར་ན་རྡོ་སོལ་ཉུང་དུ་གཏོང་ཚད་དང་སྣུམ་རྒྱུ་ལེགས་སུ་གཏོང་རྒྱུ། དེ་བཞིན་སྦགས་བཙོག་འབུད་བཤངས་བྱེད་མང་བའི་རླངས་འཁོར་མེད་པ་བཟོ་རྒྱུ་སོགས་ཚུད་ཡོད་པ་རེད། ཞིབ་ཕྲའི་སྒྲིག་སྲོལ་ནང་ད་དུང་པེ་ཅིང་གིས་འཕྲུལ་སྒུལ་རླངས་འཁོར་ཉར་ཆད་ཚོད་འཛིན་ནན་པོ་བྱེད་རྒྱུ་དང་།ཐན་ཅིན་དང་ཧྲེ་ཅ་ཀྲོང་སོགས་གྲོང་ཁྱེར་གྱིས་འཕྲུལ་སྒུལ་རླངས་འཁོར་ཉར་ཚད་ཀྱི་འཕར་ཚད་ཚོད་འཛིན་ནན་པོ་བྱེད་རྒྱུ་དང་སྤྱི་ལོ་2017ལོར་སླེབས་སྐབས་པེ་ཅིན་གྲོང་ཁྱེར་དང་ཐན་ཅིན་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་གྱིས་སྟབས་བསྟུན་ཅན་ལ་འགྱུར་བའི་འཁོར་སྐྱོད་བསྡུར་ཚད60%ཡན་ཟིན་པ་བྱེད་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག