མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས«དམག་དཔུང་གི་མགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་འཁྲིའི་རྩིས་བཤེར་བྱ་བ་ལེགས་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-25 10:40

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཆོག་མཆན་བཀོད་པ་བརྒྱུད། ཉེ་ལམ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས«དམག་དཔུང་གི་མགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་འཁྲིའི་རྩིས་བཤེར་བྱ་བ་ལེགས་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས་པ་དང་དེས་གནས་བབ་གསར་བའི་འོག་ཏུ་དམག་དཔུང་གི་མགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་འཁྲིའི་རྩིས་བཤེར་བྱ་བ་ལེགས་སྒྱུར་བཟང་བོ་བྱེད་པར་བརྩི་སྲུང་གལ་ཆེན་འདོན་སྤྲོད་བྱས་པར་མ་ཟད། མགོ་ཁྲིད་ལས་བྱེད་པའི་དོ་དམ་ལྟ་རྟོག་ནུས་པ་ཇེ་ཆེར་གཏོང་བ་དང་སྤྱོད་ཚུལ་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ཡོད།

  «བསམ་འཆར»ལས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པ། དཔོན་པོར་དོ་དམ་ནན་མོ་བྱེད་པ་བཅས་ཀྱི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ལམ་ལུགས་ནང་ཁུལ་དུ་དབང་ཆ་བཀོལ་བ་སོགས་ཀྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། མགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་འཁྲིའི་རྩིས་བཤེར་གྱི་ལྟ་རྟོག་ཁྱབ་ཁོངས་དང་ནང་དོན་གཙོ་བོ། རྩ་འཛུགས་ཀྱི་རྣམ་པ། གདེང་འཇོག་ཚད་གཞི། རྩིས་བཤེར་ཐག་གཅོད། མཇུག་འབྲས་བཀོལ་སྤྱོད་བཅས་གཏན་འཁེལ་བྱས་ཡོད།

   «བསམ་འཆར»ལས་དམག་དཔུང་ལས་ཁུངས་ཀྱི་མགོ་ཁྲིད་ལས་བྱེད་པ་དང་། དམག་དཔུང་ལས་དོན་ལས་ཁུངས་དང་འགན་སྲུང་ཁེ་ལས་ཀྱི་འགན་འཁུར་བ། དེ་མིན་ཆེད་སྤྱོད་དཔལ་འབྱོར་བྱ་བའི་འགན་འཁུར་བའི་མགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་ཁྲིམས་ལྟར་རྩིས་བཤེར་ལྟ་རྟོག་དང་ལེན་བྱེད་དགོས་པའི་རེ་བ་བཏོན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག