མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུང་ཧྲན་གྱིས་མའོ་ཞི་ཀི་གསར་བརྗེ་ལམ་ལུགས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-25 10:40

01.jpg

  སྤྱི་ཟླ9བའི་ཚེས24ཡི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུང་ཧྲན་གྱིས་པེ་ཅིན་ནས་ཀྲུའུ་ཞི་ཁ་མ་ཆོ་ཡིས་ཁྲིད་པའི་མའོ་ཞི་ཁོ་གསར་བརྗེ་ལམ་ལུགས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུང་ཧྲན་གྱིས་སྤྱི་ཟླ9བའི་ཚེས24ཡི་ཉིན་པེ་ཅིན་ནས་ཀྲུའུ་ཞི་ཁ་མ་ཆོ་ཡིས་ཁྲིད་པའི་མའོ་ཞི་ཁོ་གསར་བརྗེ་ལམ་ལུགས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

  ལིག་ཡུང་ཧྲན་གྱིས་མའོ་ཞི་ཁོ་ནི་ཀྲུང་གོའི་ལ་ཏིན་མེ་གླིང་གི་གྲོགས་པོ་བཟབ་བོ་ཡིན་པ་དང་། ད་ལོར་རྒྱལ་ཁབ་གཉིས་ཀས་མགོ་གཙོ་ཕན་ཚུན་ལ་འཚམས་འདྲི་བྱས་ཏེ། ཀྲུང་གོ་དང་མའོ་ཞི་ཁོ་གཉིས་ཀའི་བར་དུ་ཕྱོགས་ཡོངས་ཀྱི་གྲོགས་པོའི་འབྲེལ་བ་བཙུགས། ཀྲུང་གོ་ཕྱོགས་ཀྱིས་མའོ་ཞི་ཁོ་ཕྱོགས་དང་ལྷན་དུ། རྒྱལ་ཁབ་གཉིས་ཀའི་མགོ་གཙོའི་བར་གྲོས་ཁ་འཆམ་པའི་གཅིག་མཐུན་གྱི་ལྟ་བ་གལ་ཆེན་དངོས་འབེབས་བྱེད་པར་དམ་འཛིན་བྱས་ཏེ། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་ཡར་སྐུལ་གཏོང་འདོད་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་དང་མའོ་ཞི་ཁོ་གསར་བརྗེ་ལམ་ལུགས་ཏང་འདྲ་མཚུངས་ཀྱི་འཕེལ་རྒྱས་ལས་འགན་ལ་འཕྲད་ཡོད་པས། ཏང་བཅོས་སྲིད་སྐྱོང་གི་ཉམས་མྱོང་བརྗེ་རེས་བྱེད་པར་མུ་མཐུད་དུ་ཤུགས་སྣོན་པ་དང་། ཕན་ཚུན་ལ་སློབ་སྦྱོང་། ཏང་ཁག་བར་གྱི་འབྲེལ་བར་བརྟེན་ནས་རྒྱལ་ཁབ་བར་གྱི་འབྲེལ་བ་གོང་དུ་སྤེལ་བར་ཡར་སྐུལ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་སྔར་ལས་བདེ་སྐྱིད་འདོད་ཡོད་ཅེས་གསུངས།
ཁ་མ་ཆོ་ཡིས་ཀྱང་ཏང་ཁག་གཉིས་བར་གྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་བཅོས་སྲིད་སྐྱོང་གི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་བསྣན་ནས། མའོ་ཞོ་ཁོ་དང་ཀྲུང་གོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་རོགས་རོགས་འདེགས་བྱད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག