མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་ཞིན་ཅན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཐེངས་བཞི་བ་པེ་ཅིན་ནས་ཚོགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-25 10:40

111.jpg

རྒྱལ་ཡོངས་ཀྱི་ཞིན་ཅན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཐེངས་བཞི་བ་ཚེས་ཉེར་གསུམ་ཉིན་དང་ཚེས་ཉེར་བཞི་ཉིན་གཉིས་ལ་པེ་ཅིན་ནས་ཚོགས།

222.jpg

 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ཚོགས་འདུར་ཞུགས་ནས་གསུངས་བཤད་གནང་།

333.jpg

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལེ་གྲོས་ཚོགས་ལ་ཞུགས་ནས་གསུངས་བཤད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་ཞིན་ཅན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཐེངས་བཞི་བ་སྤྱི་ཟླ9བའི་ཚེས23ཉིན་དང་ཚེས24ཉིན་གཉིས་ལ་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལེ་གཉིས་ཀ་གྲོས་ཚོགས་ལ་ཞུགས་ནས་གསུངས་བཤད་གནང་།

  ཚོགས་ཐོག་ནས་ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། 2010ལོར་ཀྲུང་དབྱང་ཞིན་ཅང་བྱ་བའི་བཞུགས་མོལ་ཚོགས་འདུ་ཚོགས་རྗེས་ཀྱི་ལོ3གྱི་ནང་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་ཐབས་ཇུས་དང་མགོ་ཁྲིད་འོག་དང་། ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་གི་ལས་ཁུངས་དང་སྡེ་ཁག་སོ་སོས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་འོག ཞིན་ཅང་གི་ཕྱོགས་སོ་སོས་ནུས་པ་གལ་ཆེན་བཏོན་པ་དང་འབད་བརྩོན་ལྷོད་མེད་བྱས་པས། ཐེན་ཧྲན་རི་བོའི་ལྷོ་བྱང་ཀུན་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཞིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་རྐང་འཛུགས་ས་གསར་བར་གནས་ཤིང་། དེ་དམ་མཉམ་དུ་ཞིན་ཅང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་དམིགས་བསལ་གྱི་དཀའ་ཁག་མི་ཉུང་བ་ཡོད་པས་རྒྱལ་ཡོངས་ཀྱིས་མུ་མཐུད་དུ་རོགས་སྐྱོར་བྱེད་དགོས་པ་གསལ་བོར་མཐོང་ཡོད་ཟེར།

  ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཞིན་ཅང་རོགས་སྐྱོར་བྱ་བར་ཧ་ཅང་མཐོང་ཆེན་བྱས་ནས་ཞིན་ཅང་རོགས་སྐྱོར་བྱ་བའི་ཤུགས་ཚད་ཇེ་ཞན་དུ་མི་འགྲོ་བ་འགན་སྲུང་བྱེད་དགོས་པ་དང་། དམིགས་འབེན་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་བྱ་བ་སོ་སོའི་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་པ་འགན་སྲུང་བྱེད་དགོས། ལྟ་རྟོག་དོ་དམ་བྱ་བར་གཙིགས་འཛིན་བྱས་ནས་ཞིན་ཅང་གི་རོགས་སྐྱོར་ལས་གཞི་ཚང་མ་སྤུས་ལེགས་བཟོ་སྐྲུན་དང་སྲིད་གཙང་བཟོ་སྐྲུན་ཞིག་ཏུ་འགྱུར་བར་འགན་སྲུང་བྱེད་དགོས་པ་དང་། ཞིན་ཅང་རོགས་སྐྱོར་གྱི་ཤེས་ལྡན་མི་སྣའི་སྤྲོད་ལེན་བྱ་བ་བཟང་བོར་བསྒྲུབ་ནས་ཕུལ་བྱུང་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཞིན་ཅང་ལ་རོགས་སྐྱོར་བྱེད་པར་མངག་པ་དང་རོགས་སྐྱོར་དུས་ཡུན་ལོངས་ནས་ཕྱིར་ལོག་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་བཀོད་སྒྲིག་བཟང་བོ་བྱེད་དགོས་ལ། ཞིན་ཅང་གི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱེད་པ་དང་སྔར་ལས་བཟང་བའི་སྒོ་ནས་ཞིན་ཅང་རོགས་སྐྱོར་བྱ་བར་ཞབས་ཕྱི་བསྒྲུབ་ནས་ཞིན་ཅང་གི་བྱ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

  ཚོགས་ཐོག་ནས་ཀྲང་ཀའོ་ལེ་ཡིས་གསུངས་རྒྱུར། ཞིན་ཅང་ལ་མངའ་ཁོངས་ཀྱི་ཁྱད་སྟོབས་དང་ཐོན་ཁུངས་ཀྱི་ཁྱད་སྟོབས། རྗེས་འཕེལ་གྱི་ཁྱད་སྟོབས། སྲིད་ཇུས་ཀྱི་ཁྱད་སྟོབས་བཅས་ལྡན་པས། ངེས་པར་དུ་ཞིན་ཅང་གི་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་གོ་གནས་གལ་ཆེན་དུ་བཞག་ནས་གཅིག་གྱུར་སྒོས་འཆར་འགོད་པ་དང་། དེ་ནི་ཞིན་ཅང་མཆོངས་བསྐྱོད་སྒོས་འཕེལ་རྒྱས་སུ་འགྲོ་བའི་དགོས་མཁོ་ཡིན་པར་མ་ཟད། རྒྱལ་ཡོངས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བའི་འཐབ་ཇུས་དགོས་མཁོ་ཡང་ཡིན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབབ་བཟང་བོ་བྱས་ནས། ཞིན་ཅང་རོགས་སྐྱོར་བྱ་བར་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

  ཀྲང་ཀའོ་ལེ་ཡིས་ཞིན་ཅང་གི་རོགས་སྐྱོར་བྱ་བའི་ཐད་ལ་གྲོས་གཞི་འགའ་བཏོན། གཅིག རྒྱལ་ཡོངས་ཀྱི་ཁྱོན་ཡོངས་གཞིར་བཟུང་སྟེ་ཞིན་ཅང་གི་ཚན་རིག་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་རོགས་སྐྱོར་བྱེད་དགོས། གཉིས། ས་གནས་རང་གི་དོན་དངོས་གཞིར་འཛིན་པ་དང་ཁྱད་སྟོབས་འདོན་སྤེལ་བཟང་བོ་བྱས་ནས་ཞིན་ཅང་གི་ཚན་རིག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གསུམ། གཉིས་ཕན་མཉམ་རྒྱལ་གཞིར་འཛིན་པ་དང་ཁ་གཏད་རོགས་སྐྱོར་བྱ་བ་བཟང་བོར་བསྒྲུབ་ནས་ཞིན་ཅང་གི་ཚན་རིག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བཅས་རེད།

  ཚོགས་ཐོག་ནས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས། ཅང་སུའུ་ཞིང་ཆེན། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་སོགས་ཀྱི་འཐུས་མིས་གཏམ་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག