མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལི་ཅན་གོ་ཡིས་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་བཅོ་ལྔ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསུང་བཤད་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-24 11:06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་བཅོ་ལྔ་བའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་སྤྱི་ཟླ9བའི་ཚེས23ཉིན་པེ་ཅིན་དུ་སྐོང་འཚོག་བྱས་པ་དང་གྲོས་ཚོགས་ཐོག་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་བཟོ་ཚོགས་ཀྱི་ཚོགས་ཆེན་བཅུ་དྲུག་པའི་གྲ་སྒྲིག་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ལི་ཅན་གོ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ལི་ཅན་གོ་ཡིས། ཀྲུང་གོའི་བཟོ་ཚོགས་ཀྱི་ཚོགས་ཆེན་བཅུ་དྲུག་པ་སྐོང་འཚོག་བྱེད་རྒྱུ་ལེགས་སྒྲུབ་ཡོང་རྒྱུའི་འགག་རྩ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པ།ལྷག་པར་དུ་ད་ལོའི་སྤྱི་ཟླ4པའི་ཚེས28ཉིན་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་གི་འཐུས་མིའི་བཞུགས་མོལ་ཚོགས་འདུའི་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང་རྒྱལ་ཡོངས་བཟོ་པའི་ལས་འགུལ་དང་བཟོ་ཚོགས་ལས་དོན་གྱི་དོན་དངོས་ཟུང་སྦྲེལ་ཡག་པོ་བྱེད་པ་དང་བཟོ་ཚོགས་ཀྱི་ཚོགས་ཆེན་བཅུ་དྲུག་པའི་གྲ་སྒྲིག་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱོན་ཡོངས་ནས་མངོན་པ་བྱེད་པ་དང་དེའི་ནང་ཁྱབ་པ་བྱེད་པ་དང་བཟོ་ཚོགས་ཀྱི་ལས་དོན་ཁག་ནང་དོན་འཁྱོལ་བྱེད་རྒྱུ་དེ་རེད་ཅེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག