མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཝེ་ནེ་ཙུའེ་ལ་ཡི་ཙུང་ཐུང་མཱ་ཏུའུ་ལའོ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-24 10:56

01.jpg

  སྤྱི་ཟླ9བའི་ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གི་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝེ་ནེ་ཙུའེ་ལ་ཡི་ཙུང་ཐུང་མཱ་ཏུའུ་ལའོ་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ9བའི་ཚེས23ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝེ་ནེ་ཙུའེ་ལ་ཡི་ཙུང་ཐུང་མཱ་ཏུའུ་ལའོ་ལ་མཇལ་འཕྲད་གནང་། 

  ལིས་ཁི་ཆང་གིས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་གཉིས་ཀྱིས་མཉམ་དུ་འཕེལ་རྒྱས་སུ་བཏང་བའི་འཐབ་ཇུས་གྲོགས་པོ་འབྲེལ་འབྲེལ་བའི་ཐད་ནས་ཉེ་བའི་ལོ་འགར་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་དང་། ཁ་སང་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཁྱེད་དང་ཕན་འབྲས་ལྡན་པའི་གླེང་མོལ་མཛད། ཀྲུང་གོ་ཕྱོགས་ཀྱིས་ཙུང་ཐུང་ལགས་ཀྱིས་ཝེ་ནེ་ཙུའེ་ལའི་སྐབས་གསར་བའི་སྲིད་གཞུང་གི་སྣེ་ཁྲིད་དེ། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་སོགས་ཀྱི་ཐད་ནས་མགོ་བཟང་བོ་ཞིག་བཙུགས་པར་བསྔགས་བརྗོད་བྱེད་རྒྱུ་དང་། ཝེ་ནེ་ཙུའེ་ལ་སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལས་དོན་ཁྲོད་དུ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ལེན་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས་བར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་དེ་ཡར་བསྐྱར་རིམ་པ་གསར་བ་ཞིག་ཏུ་སླེབས་པར་ཡར་སྐུལ་བྱས་ཏེ། ངེས་པ་དོན་གྱིས་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།

  ལིས་ཁི་ཆང་གིས་ད་དུང་དྲི་བ་བཏོན་པ་ལྟར་ཀྲུང་གོའི་དཔལ་འབྱོར་འཕར་སྟངས་སྒྱུར་བ་དང་རིམ་པ་སྤོར་བར་ཡར་སྐུལ་གཏོང་བའི་གནས་ཚུལ་མཚམས་སྦྱོར་མཛད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག