མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བྱས་པའི་ལས་བྱེད་པ་བཟང་བོ་བློ་མཐུན་ལན་ཧོས་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-24 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་ལམ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བྱས་པའི་ལས་བྱེད་པ་བཟང་བོ་བློ་མཐུན་ལན་ཧོས་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བཏང་།

བློ་མཐུན་ལན་ཧོས་ནི་སི་ཁྲོན་ཞིང་ཆེན་པེ་ཁྲོན་ཆཱང་རིགས་རང་སྐྱོང་རྫོང་གི་རྫོང་དཔོན་གཞོན་པ་ཡིན། 2013ལོའི་སྤྱི་ཟླ5བའི་ཚེས23ཉིན་ཁོས་ཞང་དང་གྲོང་བརྡལ་གྱི་གཞུང་ལམ་དང་བདེ་འཇགས་ཐོན་སྐྱེད་བྱ་བར་ཞིབ་བཤེར་བྱེད་སྐབས་སྟབས་མ་ལེགས་པར་བྲག་ནང་དུ་ལྷུང་ནས་རང་སྲོག་ཤོར།

ཞི་ཅིན་ཕེན་གྱིས་མཆན་བཀོད་མཛུབ་སྟོན་ལས་གསུངས་རྒྱུར། བློ་མཐུན་ལན་ཧོས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་ལས་དོན་དེ་རང་གི་སེམས་ཁོང་གི་གོ་གནས་གལ་ཆེན་བཞག་པ་དང་། རང་སྲོག་ཕངས་མེད་དུ་བཏང་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བྱས་པའི་ལས་བྱེད་པ་བཟང་བོ་དང་དུས་སྐབས་གསར་བའི་གུང་ཁྲན་ཏང་མིའི་དཔེ་སྟོན་མཁན་ཡིན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཁོའི་ཆོད་སེམས་བརྟན་ཞིང་ཏང་ལ་བློ་དཀར་བའི་ཆབ་སྲིད་ཀྱི་རང་གཤིས་དང་མང་ཚོགས་དང་འབྲེལ་འདྲིས་དམ་པོ་དང་མང་ཚོགས་ཀྱི་འགན་འཁྲི་དང་དུ་བླངས་བའི་སྤྱི་ཞབས་པའི་སྤྱོད་བཟང་། རང་དོན་རྒྱབ་ཏུ་སྐྱུར་ནས་བྱ་བའི་ཐད་ལ་དངོས་གཉེར་བརྩོན་ལེན་བྱས་པའི་སྙིང་སྟོབས། དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ཞིང་སྤོབས་པ་ཆེར་བསྐྱེད་སྒོས་དང་ལེན་བྱེད་པའི་བླ་མེད་ཀུན་སྤྱོད་བཅས་ལ་སློབ་སྦྱོང་བཟང་བོ་བྱས་ཏེ། དམིགས་འབེན་འདུ་ཤེས་ཆགས་པར་བྱེད་པ་དང་། རང་རྟོགས་སྒོས་དམངས་དོན་དུ་དངོས་གཉེར་སྤྱོད་གཙང་གི་བྱ་བ་བསྒྲུབ་པ་དང་། སྔར་ལས་བཟང་བའི་སྒོ་ནས་དཔེ་སྟོན་གྱི་ནུས་པ་བཏོན་ནས་མུ་མཐུད་དུ་ལག་ལེན་བྱ་འགུལ་ཐད་ནས་གྲུབ་འབྲས་བཟང་བོ་ལེན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག