མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཝེ་ནེ་ཙུའེ་ལ་ཡི་ཙུང་ཐུང་མཱ་ཏུའུ་ལའོ་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-24 10:56

02.jpg

                      སྤྱི་ཟླ9བའི་ཚེས23ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝེ་ནེ་ཙུའེ་ལ་ཡི་ཙུང་ཐུང་མཱ་ཏུའུ་ལའོ་ལ་མཇལ་འཕྲད་གནང་། 

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་སྤྱི་ཟླ9བའི་ཚེས23ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝེ་ནེ་ཙུའེ་ལ་ཡི་ཙུང་ཐུང་མཱ་ཏུའུ་ལའོ་ལ་མཇལ་འཕྲད་གནང་།

  ཡུས་ཀྲིན་ཧྲིན་གྱིས་ཝེ་ནེ་ཙུའེ་ལའི་སྐབས་གསར་བའི་སྲིད་གཞུང་གིས་ནང་སྲིད་དང་ཕྱི་འབྲེལ་ཕྱོགས་ནས་མགོ་བཟང་བོ་ཞིག་བཙུགས་པར་རྟེན་འབྲེལ་ཞུས། ཁོང་གིས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་གཉིས་ཀའི་མཐོ་རིམ་འགྲོ་འོང་དམ་ཟབ་ཡིན་པ་དང་། ཕན་ཚུན་གྱི་དཔལ་འབྱོར་ཁ་གསབ་བྱེད་པར་དགེ་མཚན་ལྡན་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་བར་གྱི་བརྩེ་བ་ཇེ་ཟབ་ཏུ་སོང་ཡོད་པ་དང་། ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་མཐུན་རྐྱེན་ཧ་ཅང་ཆེན་པོ་འཛོམས། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཝེ་ནེ་ཙུའེ་ལའི་བར་གྱི་མཛའ་མཐུན་འགྲོ་འོང་སྔར་ལས་དམ་ཟབ་ཏུ་གཏོང་བ་དང་། རྒྱལ་བཅོས་སྲིད་སྐྱོང་གི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་བསྣན་ནས། ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་འབྲེལ་བ་གོང་དུ་སྤེལ་བར་ཡར་སྐུལ་གྱི་ནུས་པ་འདོན་འདོད་ཡོད་ཅེས་གསུངས།

 མཱ་ཏུའུ་ལའོ་ཡིས་ཙུང་ཐུང་ཡིན་པའི་ངོས་ནས་ཀྲུང་གོར་ཐེངས་དང་པོར་འཚམས་འདྲིར་ཡོང་བ་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། ཝེ་ནེ་ཙུའེ་ལ་ཡིས་མུ་མཐུད་དུ་ཁྲ་ཝེ་སི་ཡི་མཛད་རྗེས་རྒྱུན་འཛིན་དང་། ཀྲུང་གོའི་བར་གྱི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་དེ། ཝེ་ནེ་ཙུའེ་ལ་དང་ཀྲུང་གོའི་ཐུན་མོང་འཕེལ་རྒྱས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་བརྟན་དུ་གཏོང་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག