མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་ནས་མནའ་འབྲེལ་ཏང་གི་འདེམས་བསྐོའི་ཁྲོད་ནས་རྣམ་པར་རྒྱལ་བར་རྟེན་འབྲེལ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-24 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ9བའི་ཚེས23ཉིན་གྱི་དགོང་མོར་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་། ལིས་ཁི་ཆང་གིས་ཐོག་མར་མའོ་ཁི་ཨར་གྱིས་མགོ་ཁྲིད་པའི་མནའ་འབྲེལ་ཏང་གིས་ཉེ་སྔོན་བསྡུས་པའི་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་འདེམས་བསྐོ་ཆེན་པོའི་ཁྲོད་མུ་མཐུད་དུ་གྲོས་ཁང་གི་ཏང་ཁག་ཆེན་པོ་དང་པོར་གྱུར་བར་རྟེན་འབྲེལ་ཞུས།

ལིས་ཁི་ཆང་གིས་ད་ལོའི་སྤྱི་ཟླ5བར་ངས་འཇར་མན་དུ་འཚམས་འདྲི་བྱེད་པའི་སྐབས་ཙུང་ལི་ལགས་ཀྱིས་སྣེ་ལེན་བཟང་པོ་བྱས་པ་དང་། འཚམས་འདྲིའི་རྗེས་སུ་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་ནས་ཉམས་དགའ་བའི་གྲུབ་འབྲས་གསར་བ་བླངས། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་ཉོ་ཚོང་རྩོད་གཞི་ཐག་གཅོད་ལེགས་པོ་བྱེད་པར་ནུས་པ་ཆེན་པོ་བཏོན་པར་བསྔགས་བརྗོད་བྱེད་རྒྱུ་དང་། ཀྲུང་གོ་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་ངོས་ནས་འཇར་མན་བར་གྱི་འབྲེལ་བ་ཇེ་བཟང་དུ་གཏོང་བར་གཙིགས་འཛིན་བྱེད་རྒྱུ་དང་། འཇར་མན་ཕྱོགས་དང་ལྷན་དུ་ཀྲུང་གོ་དང་འཇར་མན་གྱི་བརྩེ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས།

 མའོ་ཁི་ཨར་གྱིས་ཙུང་ལི་ལིས་ཁི་ཆང་གིས་ཁ་པར་བཏང་ནས་རྟེན་འབྲེལ་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལྷན་དུ་འཇར་མན་དང་གོ་བར་གྱི་འབྲེལ་བ་དེ་ཆུ་ཚད་མཐོན་པོ་ཞིག་ཏུ་སྲུང་འཛིན་བྱེད་པར་བརྩོན་ལེན་དང་། རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག