མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལོ་ཡིས་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭར་འཚམས་འདྲི་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-24 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལོ་ཡིས་སྤྱི་ཟླ9བའི་ཚེས23ཉིན་འཐུབ་ཚབ་ཚོགས་པ་ཁྲིད་དེ་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭར་འཚམས་འདྲི་བྱས་པར་མ་ཟད་ཏང་གི་སློབ་གྲྭའི་འཐུབ་མི་དང་མཉམ་དུ་བགྲོ་གླེང་བྱས་ཏེ་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཐད་ལ་འཚོལ་ཞིབ་བྱས་པ་དང་བསམ་འཆར་བརྗེ་རེས་བྱས།

བགྲོ་གླེང་ཚོགས་འདུའི་སྟེང་མ་ཏུའུ་ལོ་ཡིས་ཝེ་ནེ་ཙུའེ་ལའི་སྔོན་ཆད་ཀྱི་ཙུང་ཐུང་ཁྲ་བེ་སི་ཡིས་རྒྱལ་ནང་དུ་པོ་ལིས་བ་ཨར་གསར་བརྗེ་བྱས་པ་མཚམས་སྦྱོར་ཞིབ་མོ་བྱས། ཁོས་བཤད་རྒྱུར། ཁྲ་བེ་སི་ཡིས་གསར་བརྗེ་བྱས་པའི་བརྒྱུད་རིམ་ཁྲོད་དུ་མུ་མཐུད་ནས་མ་འོངས་བའི་བགྲོད་ལམ་ལ་བསམ་གཞིགས་བཏང་བ་དང་མཇུག་མཐར་སྤྱི་ཚོགས་རིང་ལུགས་ལ་བརྟེན་ནས་རང་ཉིད་ཀྱི་གསར་བརྗེ་གཏན་ལ་ཕབ་ཟེར། མ་ཏུའུ་ལོ་ཡིས་ད་དུང་དཔལ་འབྱོར་ཐད་ནས་ཐོན་སྐྱེད་ནུས་ཤུགས་སྔར་ལས་མཐོ་བའི་ཝེ་ནེ་ཙུའེ་ལ་འཛུགས་སྐྲུན་བྱེད་རྒྱུའི་ཚུལ་བསྟན།

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱུན་ལས་སློབ་གཙོ་གཞོན་པ་ལིས་ཅིན་ཐེན་གྱིས་བཤད་རྒྱུར། ཀྲུང་གོ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་སྔར་བཞིན་གནས་ཤིང་དུས་ཡུན་རིང་བོར་གནས་སྲིད་ལ། འཕེལ་རྒྱས་ནི་སྔར་བཞིན་དུ་གནད་དོན་ཡོད་ཚད་ཐད་གཅོད་པའི་གནད་འགག་གི་ཡིན། ལོ་རྒྱུས་ཀྱི་དུས་སྐབས་གསར་བའི་ནང་དུ་ངེས་པར་དུ་ཚན་རིག་གི་འཕེལ་རྒྱས་ལྟ་བའི་མཛུབ་སྟོན་རྒྱུན་འཁྱོངས་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་སྣ་ཚོགས་ཐག་བཅད་ནས། ཕྱོགས་ཡོངས་དང་མཐུན་སྦྱོར། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག