སྤྱི་ཟླ9བའི་ཚེས22ཉིན། པོ་ཞི་ལེའི་གྱོད་གཞི་ལ་ཞིབ་བཤེར་ཐོག་མ་བྱས་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྤྱི་ཟླ9བའི་ཚེས22ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་སྔོན་ཆད་ཀྱི་ཨུ་ཡོན། ཁྲུང་ཆིན་གྲོང་ཁྱེར་གྱི་སྔོན་ཆད་ཀྱི་ཏང་ཨུའི་ཧྲུའུ་ཅི་པོ་ཞི་ལེའི་གྱོད་གཞི་ལ་ཞིབ་བཤེར་ཐོག་མ་བྱས་ནས་ཁྲིམས་ཐག་བཅད། ཞུ་སྦྱོར་ཕྱི་མ་བ་པོ་ཞི་ལེ་ཡིས་དབང་ཆར་བརྟེན་ནས་ལྐོག་བཟའ་དང་ལྐོག་རྔན་ལེན་པ་སོགས་ཀྱི་ནག་ཉེས་མང་པོ་བཟོས་པས་ཁྲིམས་ལྟར་ཉེས་ཆད་བཅད་དེ། ཚེ་བཙོན་ལག་བསྟར་བྱས་པ་དང་ཚེ་གང་བོའི་ཆབ་སྲིད་ཀྱི་དབང་ཆ་བླངས་བར་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་ཕྱིར་ལེན་རྒྱུ་ཐག་བཅད། །