མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལེ་ཡིས་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཏུའུ་ལུའུ་ལ་མཇལ་འཕྲད་གནང་བར་མ་ཟད་ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མཉམ་བསྲེས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བ་མཇུག་བསྡུ་བའི་མཛད་སྒོར་ཞུགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-23 10:48

01.jpg

  སྤྱི་ཟླ9བའི་ཚེས22ཉིན། ཀྲང་ཀའོ་ལེ་ཡིས་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཏུའུ་ལུའུ་ལ་མཇལ་འཕྲད་གནང་བར་མ་ཟད་ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མཉམ་བསྲེས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བ་མཇུག་བསྡུ་བའི་མཛད་སྒོར་ཞུགས།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ9བའི་ཚེས22ཉིན། ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མཉམ་བསྲེས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་བ་དེ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་གཞོན་པ་ཀྲང་ཀའོ་ལེ་དང་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལུའུ་གཉིས་མཇུག་བསྡུའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

  ཀྲང་ཀའོ་ལེ་ཡིས་ཤིས་ཚིག་འབུལ་སྐབས་ཐོག་མར་གྲོས་ཚོགས་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུས། ཁོང་གིས་གསུངས་རྒྱུར། ཉིས་སྟོང་བཅུ་གཅིག་ལོར་རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་འཕེལ་རྒྱས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་པའི་ཚུན་ལ་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་འབྲེལ་བ་དེ་ཕྱོགས་ཡོངས་ནས་མྱུར་དུ་འཕེལ་རྒྱས་སུ་འགྲོ་བའི་དུས་སྐབས་གསར་བར་བསླེབས་པ་དང་། རྒྱལ་ཁབ་གཉིས་བར་གྱི་ཆབ་སྲིད་ཡིད་ཆེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སོང་བ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་མངོན་གསལ་སྒོས་རྒྱ་ཇེ་ཆེར་སོང་ཞིང་། རང་རང་གི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་གཉིས་ཕན་ཚུན་བློ་གཏོད་རུང་བའི་གྲོགས་པོ་གལ་ཆེན་དུ་གྱུར་ཞེས་གསུངས།

  མཱ་ཏུའུ་ལུའུ་ཡིས་ཤིས་ཚིག་འབུལ་སྐབས། ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་མཐོ་རིམ་མཉམ་བསྲེས་ཨུ་ཡོན་ལྷན་ཁང་གི་བྱ་བར་གདེང་འཇོག་མཐོན་པོ་བྱས་པར་མ་ཟད། ད་དུང་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

  མཇུག་བསྡུའི་མཛད་སྒོའི་སྔོན་དུ་ཀྲང་ཀའོ་ལེ་ཡིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་མཱ་ཏུའུ་ལུའུ་ལ་མཇལ་འཕྲད་གནང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག