མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

པོ་ཞི་ལའེ་འདྲི་གཅོད་དང་པོ་བྱས་ཏེ་ཚེ་གང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-23 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྲན་ཏུང་ཞིང་ཆེན་ཅིས་ནན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྤྱི་ཟླ9བའི་ཚེས22ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་དེ་སྔའི་ཨུ་ཡོན། ཁྲུང་ཆིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཧྲུའུ་ཅི་པོ་ཞི་ལའེས་ལྐོག་རྔན་བླངས་པ་དང་ལྐོག་བཟའ་བྱས་པ། འགན་དབང་གང་བྱུང་དུ་སྤྱད་པ་བཅས་ཀྱི་གྱོད་གཞིར་འདྲི་གཅོད་དང་པོ་བྱས་པ་དང་། པོ་ཞི་ལའེ་ཡིས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པ་གཏན་འཁེལ་བྱུང་བས་ཚེ་གང་བཙོན་འཇུག་བྱ་རྒྱུ་དང་ཆབ་སྲིད་དབང་ཆ་ཚེ་གང་འཕྲོག་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ་དང་། ལྐོག་བཟའ་བྱས་པའི་ཉེས་པ་བསགས་པས། དུས་བཀག་བཙོན་འཇུག་ལོ15བྱ་རྒྱུ་མ་ཟད། མི་སྒེར་གྱི་རྒྱུ་ནོར་མི་དམངས་ཤོག་སྒོར་ས་ཡ1གཞུང་བཞེས་གཏོང་རྒྱུ། འགན་དབང་གང་བྱུང་དུ་སྤྱད་པའི་ཉེས་པ་བསགས་པས། དུས་བཀག་བཙོན་འཇུག་ལོ7བྱ་རྒྱུ། ཉེས་པ་མང་པོ་བསགས་པར་བརྟེན། ཚེ་གང་བཙོན་འཇུག་དང་ཆབ་སྲིད་དབང་ཆ་ཚེ་གང་འཕྲོག་རྒྱུ་དང་། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུ་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད།

ཅིས་ནན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད་རྩད་གཅོད་ཐུབ་པར།

གཅིག་ནས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པ་སྟེ། སྤྱི་ལོ1999ལོ་ནས2012ལོའི་བར། པོ་ཞི་ལའེས་ཏ་ལན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་སྤྱི་དང་། ཀྲུང་གུང་ཏ་ལན་གྲོང་ཨུད་ཀྱི་ཧྲུའུ་ཅི། ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་འཛིན། ཚོང་དོན་པུའུ་ཀྲང་བཅས་ཀྱི་འགན་འཁུར་རིང་། ཏ་ལན་རྒྱལ་སྤྱིའི་གོང་འཕེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཐང་ཤའོ་ལིན་དང་། ཏ་ལན་ཧྲེ་ཏེ་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ལས་འཛིན་འགོ་འཛིན་ཞུལ་མེང་གི་མངགས་བཅོལ་ལྟར། འགན་གནས་ཀྱི་སྟབས་བདེ་སྤྱད་དེ། ཏ་ལན་རྒྱལ་སྤྱིའི་གོང་འཕེལ་ཚད་ཡོད་ཀུང་སིར་ཧྲེན་ཀྲེན་དུ་བཅའ་སྡོད་ཏ་ལན་གྲོང་ཁྱེར་དོན་གཅོད་ཁྲུའུ་དང་ཐང་ཤའོ་ལིན་ནས་རླངས་འཁོར་ནང་འདྲེན་བྱེད་པའི་རེ་ཞུ། ཏ་ལན་ཧྲེ་ཏེ་ཚོགས་པ་ཚད་ཡོད་ཀུང་སིའི་གནས་གཏན་འཁེལ་གྱི་ཐད་འཕུར་ལྒང་བུའི་རྣམ་གྲངས་འཛུགས་སྐྲུན། རྡོ་སྣུམ་རྫས་འགྱུར་རྣམ་གྲངས་རེ་ཞུ་སོགས་ཀྱི་ལས་དོན་ཐད་འབྲེལ་ཡོད་ཚན་པ་དང་མི་སྒེར་གྱི་ས་ནས་ཁེ་ཕན་ཐོབ་ཐབས་བྱས་པ་དང་། ཐང་ཤའོ་ལིན་གྱི་ས་ནས་ཐད་ཀར་དངུལ་དང་དངོས་པོ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ས་ཡ1.1ལྷག་བླངས་པ་དང་། ཁོ་པའི་བཟའ་ཟླ་པོ་ཀུ་ཁེ་ལའེ་དང་བུ་པོ་ཀྭ་ཀྭ་ནས་ཞུས་མེང་གིས་སྤྲད་པའི་རྒྱུ་ནོར་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་བྱེ་བ1.933ལྷག་བླངས་པ་གསལ་པོ་ཤེས་པ་མ་ཟད་ཁས་ལེན་བྱས་པ། ཁྱོན་བསྡོམས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་བྱེ་བ2.44ལྷག་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག