མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་གྲོང་ཁྱེར153རླངས་འཁོར་མི་གཏོང་བའི་ཉིན་མོའི་བྱེད་སྒོའི་ནང་ཞུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-23 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ9པའི་ཚེས22ཉིན་ནི་འཛམ་གླིང་གི་རླངས་འཁོར་མི་གཏོང་བའི་ཉིན་མོ་ཡིན་ལ་ཀྲུང་གོའི་གྲོང་ཁྱེར་གྱིས་རླངས་འཁོར་མི་གཏོང་བའི་ཉིན་མོ་བདུན་པ་དེ་ཡང་རེད། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་ཀྲུང་གོའི་གྲོང་ཁྱེར་གྱིས་རླངས་འཁོར་མི་གཏོང་བའི་ཉིན་མོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་གྲོང་ཁྱེར་གྱི་སྦགས་བཙོག་མེད་པའི་འགྲིམ་འགྲུལ་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་མཁའ་རླུང་དྭངས་གཙང་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན།

ཉེ་ལམ་ལོ་ཤས་རིང་རླངས་འཁོར་མི་གཏོང་བའི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་བསྟུན་ནས་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་དེ་དང་ལེན་བྱེད་རྒྱུ་ཉིན་རེ་བཞིན་ཧུར་བརྩོན་ཆེ་རུ་ཕྱིན་ཡོད། མ་གཞི་གྲོང་ཁྱེར་ནང་རླངས་འཁོར་མི་གཏོང་བའི་ཉིན་མོ་ནི་བཙན་ཐབས་རང་བཞིན་གྱི་བླང་བྱ་ཞིག་མིན་པར་གྲོས་འགོ་ཙམ་ཡིན་རུང་སྤྱི་ལོ2012ལོའི་བར་ནང་སར་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་གཅིག་ཀྱང་རླངས་འཁོར་མི་གཏོང་བའི་ཉིན་མོའི་བྱེད་སྒོའི་ནང་ཞུགས་མེད་པ་ཕུད་ད་ལོའི་སྤྱི་ཟླ8པའི་བར་ཀྲུང་གོའི་རླངས་འཁོར་མི་གཏོང་བའི་ཉིན་མོའི་བྱེད་སྒོ་ནང་ཞུགས་རྒྱུ་ཁས་ལེན་བྱས་པའི་གྲོང་ཁྱེར153ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག