མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་འབར་གས་ཉེས་བསགས་གྱོད་གཞི་རྒྱུན་མཐུད་ངང་ཉུང་དུ་སོང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-23 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ནས་འབར་གས་དང་འབྲེལ་བའི་ཁྲིམས་འགལ་ཉེས་བསགས་རྒྱ་ཡན་དུ་གཏན་ནས་མི་གཏོང་བ་དང་། རྒྱུན་མཚམས་ཆད་མེད་དུ་མེ་མདའ་སྔོག་བཤེར་དང་འབར་རྫས་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་ཡོད། སྤྱི་ལོ2000ལོ་ནས2012ལོའི་བར། རང་རྒྱལ་གྱི་འབར་གས་ཉེས་བསགས་གྱོད་གཞི་རྒྱུན་མཐུད་དུ་ལོ་རེ་བཞིན་ཇེ་ཉུང་དུ་སོང་བ་དང་། ལོ་རེར་ཆ་སྙོམས་ཆག་ཚད22.9%ཟིན་ཡོད་པ་དང་། ད་ལོའི་ཚུན་དུ་དུས་མཚུངས་ལས16.1%ཆག་ཡོད།

སྤྱི་བདེ་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འཛམ་གླིང་རྒྱལ་ཁབ་ཁག་གི་ཉམས་མྱོང་བསླབ་བྱ་ལས་མངོན་པར། མེ་མདའ་དང་འབར་རྫས་དང་འབྲེལ་བའི་ཁྲིམས་འགལ་ཉེས་བསགས་ནི་ཐད་ཀར་ཉེས་བསགས་རིམ་འཕར་དང་ཐ་ན་སྤྱི་ཚོགས་ཀྱི་བདེ་འཇགས་བཅོས་སྐྱོང་ཇེ་སྡུག་ཏུ་གཏོང་བའི་གལ་ཆེའི་རྒྱུ་རྐྱེན་ཞིག་ཡིན། མེ་མདའ་དང་འབར་རྫས་ལ་དོ་དམ་ནན་པོ་བྱེད་པ་དང་། མེ་མདའ་དང་འབར་རྫས་དང་འབྲེལ་བའི་ཁྲིམས་འགལ་ཉེས་བསགས་ལ་རྡུང་རྡེག་ཚ་ནན་དང་འགོག་སྲུང་ནན་པོ་བྱ་རྒྱུ་ནི། རང་རྒྱལ་གྱི་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་འགན་སྲུང་ནུས་ལྡན་བྱེད་པའི་གལ་ཆེའི་ཉམས་མྱོང་ཞིག་ཀྱང་ཡིན་ཞེས་དང་འགན་འཁུར་བ་དེས། མ་གཞི་རང་རྒྱལ་གྱི་འབར་གས་ཉེས་བསགས་གྱོད་གཞི་ཉུང་དུ་སོང་ཡོད་ལ། མིག་སྔར་ལོ་རེར་གྱོད་གཞི་ཐོན་པའི་གྲངས་ཚད་ཀྱང་འཛམ་གླིང་གི་རྒྱལ་ཁབ་འགའ་ཤས་ལས་ཉུང་བ་ཡོད་ནའང་། རང་རྒྱལ་གྱི་དམངས་སྤྱོད་འབར་རྫས་བེད་སྤྱོད་བྱེད་ཚད་མང་བ་དང་། ཤོག་སྦག་རྒྱག་པའི་སྲོལ་རྒྱུན་གོམས་གཤིས་ཡོད་པས། འབར་གས་དང་འབྲེལ་བའི་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་བཀག་འགོག་ནུས་ལྡན་བྱེད་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད་ཅེས་གསུངས་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག