མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་བདེ་པུས་བརྡ་ཁྱབ་བཏང་ནས་ཁྲིམས་འགལ་ཉེན་ཆེའི་འབར་གས་དངོས་རྫས་གཞུང་བཞེས་གཏོང་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-23 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་བདེ་པུས་ཉེ་དུས་ཁྲིམས་འགལ་ཉེན་ཆེའི་འབར་གས་དངོས་རྫས་གཞུང་བཞེས་དང་ཉེན་ཁ་ཆེ་བའི་འབར་གས་དངོས་རྫས་ཀྱི་ཁྲིམས་འགལ་ཉེས་བསགས་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་ཁྱབ་སྤེལ་བྱས་པ་དང་། སྤྱི་བདེ་པུའུ་སོགས་སྡེ་ཚན་ལྔ་ཡིས་ཉེ་དུས་མཉམ་འབྲེལ་ཐོག་བཀོད་སྒྲིག་བྱས་པའི་ཉེན་ཆེའི་འབར་གས་དངོས་རྫས་བདེ་འཇགས་ཞིབ་བཤེར་ཆེན་མོ་དང་བཅོས་སྒྲིག་ཆེན་མོ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་། ཡོངས་ཁྱབ་ཏུ་རྒྱ་ཆེའི་མི་དམངས་མང་ཚོགས་སྐུལ་སློང་གིས་འབྲེལ་ཡོད་ཁྲིམས་འགལ་ཉེས་བསགས་ཀྱི་ཁུངས་སྣེ་ཐེར་འདོན་བྱེད་པ། སྤྱི་ཚོགས་ཐོག་ཁ་ཐོར་དུ་གནས་པའི་རིགས་ཁག་གི་ཁྲིམས་འགལ་འབར་གས་དངོས་རྫས་དང་ཉེན་ཁ་ཡོད་པའི་རྫས་འགྱུར་དངོས་རྫས་གཞུང་བཞེས་གཏོང་བ། ཁྲིམས་ལྟར་ཉེན་ཆེའི་འབར་གས་དངོས་རྫས་ཀྱི་ཁྲིམས་འགལ་ཉེས་བསགས་བྱེད་སྒོར་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན་པ་རེད།

བརྡ་ཐོའི་ནང་། བརྡ་ཁྱབ་བཏང་བའི་ཉིན་དེ་ནས་བཟུང་སྤྱི་ལོ2013ལོའི་སྤྱི་ཟླ10བའི་ཚེས31ཉིན་བར་རང་ཉེས་ངོས་ལེན་དང་རང་འགུལ་ངང་གོང་གསལ་ཁྲིམས་འགལ་ཉེན་ཆེའི་འབར་གས་དངོས་རྫས་རྩིས་སྤྲོད་བྱེད་མཁན་ཡིན་ཕྱིན། ཁྲིམས་ལྟར་ཁྲིམས་ཆད་ཡང་དུ་གཏོང་བའམ་ཁྲིམས་ཆད་གཅོད་རྒྱུ་མིན། དུས་བཀག་ལས་བརྒལ་ཏེ་རང་ཉེས་ངོས་ལེན་མི་ཞུ་བ་དང་ཁྲིམས་འགལ་ཉེན་ཆེའི་འབར་གས་དངོས་རྫས་རྩིས་སྤྲོད་མི་བྱེད་མཁན་ལ། ཁྲིམས་ལྟར་གཞུང་བཞེས་གཏོང་རྒྱུ་མ་ཟད་ཁྲིམས་ཆད་ནན་པོ་གཅོད་རྒྱུ་ཡིན། ཁྲིམས་འགལ་ཉེས་བསགས་མི་སྣས་ཉེན་ཆེའི་འབར་གས་དངོས་རྫས་ཀྱི་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་དང་འབྲེལ་བ་ཡོད་མཁན་གཞན་དག་ཐེར་འདོན་བྱས་པ་ངོ་མ་ཡིན་པའམ་ཡང་ན་གལ་ཆེའི་ཁུངས་སྣེ་མཁོ་འདོན་བྱས་ཏེ། ཉེན་ཆེའི་འབར་གས་དངོས་རྫས་དང་འབྲེལ་བའི་གྱོད་གཞི་རྩད་གཅོད་ཐུབ་པ་སོགས་བྱས་རྗེས་འཇོག་མཁན་ཡིན་ན། ཁྲིམས་ལྟར་ཁྲིམས་ཆད་ཡང་དུ་གཏོང་རྒྱུ་ཡིན་པ། བྱས་རྗེས་ཆེན་པོ་འཇོག་མཁན་ལ། ཁྲིམས་ལྟར་ཁྲིམས་ཆད་ཡང་དུ་གཏོང་བའམ་ཁྲིམས་ཆད་མི་གཅོད་པ་བཅས་ཀྱི་ནན་བཏོན་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག