མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྨན་བཅོས་སྡེ་ཁག་དང་དེའི་ལས་དོན་མི་སྣས་ཨ་མའི་འོ་མའི་ཚབ་བྱེད་ཚོན་རྫས་དྲིལ་བསྒྲགས་བྱེད་མི་ཆོག

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-23 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་མཚམས་སྦྱོར་ལས་རིགས་ཀྱིས་ཐན་ཅིན་གྲོང་ཁྱེར་གྱི་སྨན་བཅོས་སྡེ་ཁག་གིས་འོ་རྩམ་བཟོ་གྲྭའི་རྔན་པ་བླངས་ནས་སྐྱེ་མ་ཐག་པའི་ཕྲུ་གུ་དམར་འབྱར་གྱི་འོ་མ་སྒེར་བསྡོམས་བྱས་ནས་སྐྱེ་མ་ཐག་པའི་ཕྲུ་གུ་དམར་འབྱར་ལ་རིགས་དེ་རིགས་ཀྱི་འོ་རྩམ་མ་གཏོགས་མ་བཟའ་བའི་དམིགས་ཡུལ་བཅངས་པ་དེ་ཐེར་འདོན་བྱས་ཡོད། དེའི་ཐད་རྒྱལ་ཁབ་འཕྲོད་བརྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་བརྡ་ཐོ་བཏང་ནས་སྨན་བཅོས་སྡེ་ཁག་དང་དེའི་ལས་དོན་མི་སྣས་ཨ་མའི་འོ་མའི་ཚབ་བྱེད་ཐོན་རྫས་དྲིག་བསྒྲགས་བྱེད་མི་ཆོག་པ་དང་། གཏན་འབེབས་ལས་རྒྱབ་འགལ་བྱེད་མཁན་གྱི་སྡེ་ཁག་དང་མི་སྒེར་ལ་གཏན་འབེབས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག