མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་གློག་གི་དྲ་བའི་འཆར་འགོད་དང་པོ་དེ་ཡོངས་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-22 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཟླ9བའི་ཚེས19ཉིན་ཀྲུང་གོའི་ལྷོ་རྒྱུད་གློག་གི་དྲ་བའི་ཚད་ཡོད་འགན་འཁྲི་ཀུང་སི་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ནུས་པའི་འབྱུང་ཁུངས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་རྒྱལ་ནང་གི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་གློག་གི་དྲ་བའི་འཆར་འགོད་དང་པོ་སྟེ། སྤྱི་ལོ2013ལོ་ནས་སྤྱི་ལོ2020ལོའི་བར་གྱི་ལྷོ་རྒྱུད་གློག་གི་དྲ་བའི་གོང་འཕེལ་འཆར་འགོད་ཉིན་ཤས་གོང་ཡོངས་བསྒྲགས་བྱས་ཡོད་པ་རེད།

སྔོན་དཔག་བྱས་པར་གཞིགས་ན། སྤྱི་ལོ2015ལོར་ལྷོ་རྒྱུད་ཀྱི་ཞིང་ལྗོངས་ལྔས་གློག་བེད་སྤྱོད་བྱེད་ཚད་ཏུའུ་དུང་ཕྱུར1500ཟིན་རྒྱུ་ཡིན་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པར་ལོ་རེའི་འཕར་ཚད8.3%ཟིན་རྒྱུ་ཡིན་པ་རེད། སྤྱི་ལོ2020ལོར་སླེབས་སྐབས་གློག་བེད་སྤྱོད་བྱེད་ཚད་ཏུའུ་དུང་ཕྱུར13630ཟིན་རྒྱུ་ཡིན་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་ལོ་རེའི་ཆ་སྙོམས་འཕར་ཚད5.3%ཟིན་རྒྱུ་ཡིན་པ་རེད། འཆར་འགོད་ནང་། སྤྱི་ལོ2015ལོར་སླེབས་སྐབས། ལྷོ་རྒྱུད་གློག་གི་དྲ་བས་ནུབ་གློག་ཤར་འདྲེན་བྱེད་པའི་གློག་ལམ་སྐྲུན་ཟིན་པ་བྱ་རྒྱུ་ཡིན་པ་དང་། གློག་གཏོང་བའི་གཞི་ཁྱོན་དེ་ཏུའུ་བྱེ་བ3.98ཟིན་རྒྱུ་ཡིན་པ་རེད། སྤྱི་ལོ2020ལོར་སླེབས་སྐབས། སླར་ཡང་གློག་གཏོང་བའི་གློག་ལམ6ནས8བར་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག