མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིབ་རྩིས་ཧྲུའུ་ཡིས་སྤྱི་ཚོགས་ཀྱི་གསོ་སྐྱོང་འགྲོ་གྲོན་ཞིབ་རྩིས་མཇུག་འབྲས་ཡོངས་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-22 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིབ་རྩིས་ཧྲུའུ་ཡིས་ཁྲོང་ཆིན་དང་ཀན་སུའུ། ཡུན་ནན་སོགས་ཞིང་ཆེན་དང་གྲོང་ཁྱེར་དགུའི་རྫོང45ཡི་སྤྱི་ལོ2009ལོ་ནས་སྤྱི་ལོ2012ལོའི་བར་གྱི་སྤྱི་ཚོགས་ཀྱི་གསོ་སྐྱོང་འགྲོ་གྲོན་ཞིབ་རྩིས་མཇུག་འབྲས་བརྡ་ཁྱབ་བཏང་ཡོད་པ་དང་། རྫོང45ཡིས་གཏན་འབེབས་ལས་བརྒལ་ནས་སྤྱི་ཚོགས་ཀྱི་གསོ་སྐྱོང་འགྲོ་གྲོན་གཏོང་སྤྲོད་བྱས་པའི་མ་དངུལ་སྒོར་དུང་ཕྱུར16.27ཟིན་གྱི་ཡོད། གཏན་འབེབས་ལྟར་རྒྱལ་མཛོད་ལ་གོང་ཕུལ་བྱས་མེད་པའི་སྤྱི་ཚོགས་ཀྱི་གསོ་སྐྱོང་འགྲོ་གྲོན་མ་དངུལ་ཉུང་མཐར་ཡང་སྒོར་དུང་ཕྱུར3.19ཟིན་གྱི་ཡོད། དེའི་ཁྲོད་མ་དངུལ་མང་ཆེ་བ་ནི་ས་གནས་དེ་གས་བཀག་པ་དང་། གཞན་དུ་བེད་སྤྱོད་གཏོང་བ། རང་སོ་སོའི་ལས་སྒོའི་ཆེད་དུ་བེད་སྤྱོད་གཏོང་བ་བཅས་བྱས་ཡོད་པ་རེད། ཐོག་མའི་སྡོམ་རྩིས་ལ་གཞིགས་ན་གཞན་དུ་བེད་སྤྱོད་བཏང་བའི་མ་དངུལ་སྒོར་བྱེ་བ2.39768ཟིན་ཡོད་པ་རེད།

དེ་མིན། ཞིང་ཆེན་དགུ་པོ་དེ་དག་གི་རྫོང45ཡིས་ལས་འགན་དམིགས་ཚད་ལེགས་གྲུབ་ཟིན་ཆེད། མ་དངུལ་གཡར་ནས་གཏོད་སྤྲོད་བྱེད་པའམ་སྤྱི་ཚོགས་ཀྱི་གསོ་སྐྱོང་འགྲོ་གྲོན་མང་དུ་གཏོང་བ་སོགས་བྱ་ཐབས་བརྒྱུད། གཏན་འབེབས་ལས་བརྒལ་ནས་སྤྱི་ཚོགས་ཀྱི་གསོ་སྐྱོང་འགྲོ་གྲོན་བསྡུ་བའི་གནད་དོན་མངོན་གསལ་དོད་པོ་ཡོད་པ་རེད། དེའི་ཐད། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས། གང་མགྱོགས་སྤྱི་ཚོགས་ཀྱི་གསོ་སྐྱོང་འགྲོ་གྲོན་བསྡུ་བའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་བཏང་ནས། སྤྱི་ཚོགས་ཀྱི་གསོ་སྐྱོང་འགྲོ་གྲོན་བསྡུ་བའི་དོ་དམ་སྔར་བས་ཚད་ལྡན་བཟོ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག