མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དམངས་སྲིད་པུས་སྡོད་ཁང་ལ་བརྟེན་ནས་རྒན་གསོ་བྱེད་རྒྱུ་དེ་རང་འདོད་ཡིན་ཞེས་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-22 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཏོའུ་ཡུས་ཕེས་སྤྱི་ཟླ9བའི་ཚེས19ཉིན། སྡོད་ཁང་ལ་བརྟེན་ནས་རྒན་གསོ་བྱ་རྒྱུ་ནི་ཁྲོམ་རྭ་ཅན་གྱི་ལས་གཉེར་བྱེད་པའི་གྲུབ་ཆ་ཞིག་ཡིན་པ་མ་ཟད། ཚོད་ལྟ་བྱ་རྒྱུར་བཏོན་པ་ཞིག་ཡིན་པས། དེ་ནི་རྦད་དེ་རང་མོས་དང་རང་བདག་ངང་བདམ་ག་བྱེད་པའི་བྱ་སྤྱོད་ཅིག་ཡིན་ཞེས་བསྟན་འདུག

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་ཤས་གོང་རྒན་གསོའི་ཞབས་ཞུའི་ལས་རིགས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་བཏོན་པ་དང་། དེ་ནི་ད་བར་ཀྲུང་གོའི་བང་རིམ་མཐོ་ཤོས་དང་ཚན་པ་མང་ཤོས། གཟིགས་སྐྱོང་སྲིད་ཇུས་མང་ཤོས་ཀྱི་རྒན་གསོའི་ཡིག་ཆ་ཞིག་ཡིན་པ་རེད། དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཏོའུ་ཡུས་ཕེས་ཉིན་དེར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། བསམ་འཆར་བཏོན་པ་དེས་སྲིད་གཞུང་གིས་རྒན་གསོའི་ཞབས་ཞུའི་ཐད་ཀྱི་འགན་འཁྲི་ཤུགས་ཆེར་བཏང་བ་དང་། དུས་མཚུངས་སུ་སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒན་གསོའི་ཞབས་ཞུའི་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་། ཀྲུང་གོས་སླད་ཕྱིན་ཐབས་ལམ་མང་པོ་བརྒྱུད་རྒན་གསོའི་གནད་དོན་ཐག་གཅོད་བྱ་རྒྱུ་ཁ་གསལ་བཟོས་ཡོད་ཅེས་བསྟན་འདུག

ངོ་སྤྲོད་བྱུང་བར་གཞིགས་ན། འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་དམངས་སྲིད་པུའུ། རྒྱལ་ཡོངས་རྒན་རྒོན་གཞུང་ལས་ཁང་བཅས་ནས་དུས་སང་ལོ་སྟོད་དུ་ཚོད་ལྟའི་ཇུས་གཞི་འདོན་རྒྱུ་དང་། ས་ཁུལ་མི་འདྲ་བར་ཚོད་ལྟ་བྱ་རྒྱུ་ཡིན་ལ། རིམ་བཞིན་སྡོད་ཁང་བརྟེན་ནས་རྒན་གསོ་བྱེད་པའི་ཇུས་གཞི་གྲུབ་པ་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག