མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གུང་གསེང་གི་ཉིན་དང་པོར་མཛེས་ལྗོངས་ཆེ་ཁག་ནས་ཞབས་ཞུར་ཤུགས་སྣོན་བྱས་ནས་ཡུལ་སྐོར་བར་སྟབས་བདེ་བསྐྲུན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-22 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ9བའི་ཚེས19ཉིན་ནི་ཟླ་མཆོད་དུས་ཆེན་གུང་གསེང་གི་ཉིན་དང་པོ་ཡིན་པ་དང་། རྒྱལ་ནང་གི་མཛེས་ལྗོངས་གཙོ་བོར་འགྲུལ་བཞུད་ཀྱི་མཐོ་རླབས་འཕྱུར་ཡོད།

ཉིན་དེ་རིང་དུ་། ཨན་ཧུལ་དཔལ་རི་རྩེ་དགུར་འགྲུལ་བཞུད་ཆེས་ཆེར་མང་དུ་སོང་བ་དང་། ཡུལ་སྐོར་བའི་བདེ་འཇགས་འགན་ལེན་བྱེད་ཆེད། མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བའི་འགྲུལ་བཞུད་འབོར་ཚད་ཐད་སྐབས་ཐོག་ཏུ་ལྟ་ཞིབ་བྱེད་པ་དང་། ཡུལ་སྐོར་བས་ཁེངས་མ་ཐག ཁག་བགོས་བྱ་ཐབས་བརྒྱུད་དུས་ཐོག་ཏུ་མཛེས་ལྗོངས་ཁུལ་གྱི་གནོན་ཤུགས་ཆུང་དུ་གཏོང་གི་ཡོད་པ་རེད།

སྤྱི་ཚེས19ཉིན་གྱི་ཐོ་རེངས། ཐེ་ཧྲན་རི་བོའི་རེ་ཀོན་རི་བོར་ཉི་འཆར་ལ་བལྟ་མཁན་ཡུལ་སྐོར་བས་ཁེངས་ཡོད། ཡུལ་སྐོར་བས་བདེ་འཇགས་ངང་མཛེས་ལྗོངས་ལོངས་སུ་སྤྱོད་ཐུབ་པ་འགན་ལེན་བྱེད་ཆེད། མཛེས་ལྗོངས་ཁུལ་དེས་རི་འཛེགས་ས་དང་བབ་སའི་ལམ་གཉིས་བཟོས་པ་དང་། ལམ་བར་དུ་ཡུལ་སྐོར་བ་ངལ་གསོ་རྒྱག་ས་བཟོས་ཡོད་པ་རེད།

ཧྭ་ཧྲན་རི་བོར། མཛེས་ལྗོངས་ཁུལ་ནས་དུས་ཡུན་ཆུ་ཚོད་གཉིས་རེའི་ནང་བརྙན་མཐོང་ཡོལ་བ་བརྒྱུད་དུས་ཐོག་ཏུ་མཛེས་ལྗོངས་ཁུལ་གྱི་གནམ་གཤིས་དང་ཡུལ་སྐོར་བའི་མི་གྲངས། དཔྱང་ཐག་སྐྱེལ་འདྲེན་བྱེད་སར་མི་མང་པོ་ཡོད་མེད་སོགས་ཀྱི་ཆ་འཕྲིན་སྤེལ་བ་དང་། དུས་མཚུངས་སུ་འགྲུལ་པ་མི་གྲངས་སུམ་ཁྲི་ཟིན་སྐབས། སྤ་སེ་འཚོང་ས་ནས་སྤ་སེ་འཚོང་མཚམས་འཇོག་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།

ཐན་ཅིན་ཕན་ཧྲན་མཛེས་ལྗོངས་ཁུལ་དུ་སྤྱི་ཚེས19ཉིན་འགྲུལ་པ་ཁྲི3ཙམ་སླེབས་ཡོད་པ་དང་མཛེས་ལྗོངས་ཁུལ་གྱིས་འགྲུལ་བཞུད་སྣེ་འདྲེན་ཞབས་ཞུར་ཤུགས་སྣོན་རྒྱབ་པ་དང་། ལག་ཐོག་ཁ་པར་གྱི་རིག་ནུས་ཕྱོགས་སྟོན་འཕྲུལ་ཆས་ཤར་གཏོང་བྱས་ཏེ། འགྲུལ་པ་ཚོ་བདེ་འཇགས་དང་དགའ་སྤྲོ་འཕེལ་ཐུབ་པ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག