མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མ་ལི་རྒྱལ་ཁབ་ཀྱི་ཙུང་ཐུང་ཁའེ་ཐ་ཡིས་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཆེད་མངག་ཕོ་ཉ་ཝང་ཀྲིན་ཝེ་ལ་ཐུག་འཕྲད་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-21 11:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མ་ལི་རྒྱལ་ཁབ་ཀྱི་ཙུང་ཐུང་ཁའེ་ཐ་ཡིས་ཚེས19ཉིན་ཙུང་ཐུང་བཞུགས་ཤག་ནས་ཙུང་ཐུང་གི་འགན་བཞེས་མཛད་སྒོར་ཞུགས་པར་ཡོང་བའི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ཆེད་མངག་ཕོ་ཉ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཀྲིན་ཝེ་ལ་ཐུག་འཕྲད་བྱས།

ཝང་ཀྲིན་ཝེ་ཡིས་ཐོག་མར་ཙུང་ཐུང་ཁའེ་ཐ་ལ་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྟེན་འབྲེལ་དང་འཚམས་འདྲི་ཞུས་པ་པ་བརྒྱུད་བསྒྲགས་བྱས། ཁོས་བཤད་རྒྱུར། མི་རིགས་བཅིངས་འགྲོལ་དང་རྒྱལ་ཁབ་རང་བཙན་བརྩོན་ལེན་བྱེད་པའི་བརྒྱུད་རིམ་གང་ཡིན་པ་དང་། རྒྱལ་ཁབ་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་སྐབས་གསར་བའི་ནང་དུ་ཀྲུང་གོ་མི་དམངས་ནི་མ་ལིའི་མི་དམངས་ཀྱི་གྲོགས་པོ་བཟང་བོ་དང་ཡིད་རྟོན་རུང་བའི་གྲོགས་པོ་ཡིན། གནས་བབ་གསར་བའི་འོག་ཏུ་ཀྲུང་གོ་ཕྱོགས་ཀྱིས་མ་ལི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་མ་ལིའི་འབྲེལ་བར་རྣམ་པ་གསར་བ་གསར་སྐྲུན་བྱེད་འདོད་ཡོད་ཟེར།

ཁའེ་ཐ་ཡིས་བཤད་རྒྱུར། ཁོས་ཙུང་ཐུང་གི་འགན་འཁུར་བའི་དུས་སུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱེད་པ་དང་། ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་མང་བོ་ནས་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ལ། མ་ལི་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག