མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་འཐུས་ཚབ་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ནམ་ཡང་ཀྲུང་གོ་དང་ཨ་ཧྥུ་ཧན་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱེད་བཞིན་ཡོད་ཅེས་བཤད་པ།

རྩོམ་པ་པོ། ལོ་ཙཱ་བ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-21 11:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ལིག་ཅེ་དབྱི་ཡིས་ཚེས19ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥུ་ཧན་གནད་དོན་ལ་དཔྱད་བསྡུར་བྱེད་པའི་ཚོགས་ཐོག་ཏུ་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་དང་ཨ་ཧྥུ་ཧན་བར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱེད་པ་དང་། ཧུར་ཐག་སྒོས་ཨ་ཧྥུ་ཧན་གྱི་ཞི་བདེ་དང་བསྐྱར་འཛུགས་ཁྲོད་དུ་ཞུགས་པར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ཟེར།

ལིག་ཅེ་དབྱི་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ་ཨ་ཧྥུ་ཧན་སྲིད་གཞུང་དང་མི་དམངས་ཀྱིས་འབད་བརྩོན་བྱས་འོག ཨ་ཧྥུ་ཧན་གྱི་ཞི་བདེ་དང་བསྐྱར་འཛུགས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། བར་བརྒལ་འཕེལ་རིམ་དེ་གནད་འགག་གི་དུས་སྐབས་སུ་བསླེབས་ཡོད། ཨ་ཧྥུ་ཧན་གྱི་མི་ཡིས་ཨ་ཧྥུ་ཧན་སྐྱོང་བའི་མཇུག་མཐའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ན། ཨ་ཧྥུ་ཧན་གྱི་ལས་རིགས་སོ་སོས་དུས་ཡུན་རིང་བོར་འབད་བརྩོན་ལྷོད་མེད་བྱེད་དགོས་པར་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས་ཟེར།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག