མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་དྲུག་པ་བསྡུས་པ།

རྩོམ་པ་པོ། ལོ་ཙཱ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-09-20 11:30

ཟླ9བའི་ཚེས18ཉིན། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་དྲུག་པ་ཟླ9བའི་ཚེས18ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་ཐོག་ནས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གྲོས་ཚོགས་བྱ་བའི་སྒྲིག་ལམ(དག་བཅོས་འཆར་ཟིན)དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པས་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་འབྲེལ་འདྲིས་བྱེད་པའི་སྐོར་གྱི་བསམ་འཆར། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གཟའ་འཁོར་ཟུང་གི་གྲོས་མོལ་ཚོགས་འདུའི་བྱ་བའི་བྱེད་ཐབས། ཝང་སུའུ་དབྱི་ཡི་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཐོབ་ཐང་མེད་པར་བཟོ་བའི་ཆོད་དོན་དང་འབྲེལ་ཡོད་མི་དོན་དོན་དག་གཞན་པའི(འཆར་ཟིན)བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། ཚོགས་ཐོག་ནས་འབྲེལ་ཡོད་མི་དོན་དོན་དག(འཆར་ཟིན)རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པར་གྲོས་ཞིབ་ཏུ་སྤྲོད་པ་དང་། འབྲེལ་ཡོད་གྲོས་ཆོད་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བསྐོ་འཇོག་བྱེད་པར་སྤྲོད་རྒྱུ་ཐག་བཅད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལིན་ཅི་ཧྭ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་ཞོར་དུ་དྲུང་ཡིག་ཆེན་མོའི་འགན་ཁུར་མཁན་ཀྲང་ཆིན་ལིས། རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་སུང་ཧོད་ཧྲན་དང་ཀུང་ཀོང་ཁྲིན་བཅས་ཀྱིས་སོ་སོར་འབྲེལ་ཡོད་དོན་དག་གསལ་བཤད་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིན་ལིན་དང་། ཧན་ཆི་ཏི། ཝན་ཀང་། ལིན་ཝུན་དབྱི། ལོ་ཧྥུའུ་ཧི་སོགས་གྲོས་ཚོགས་ལ་ཞུགས།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག