མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཝུ་ཀན་ཏ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་པ།

    2013-09-19 11:04

    ཟླ་དགུ་བའི་ཚེས་བཅུ་དྲུག་དང་ཚེས་བཅུ་བདུན་ཉིན་གཉིས་ལ་ཀྲང་ཏི་ཅང་གིས་ཝུ་ཀན་ཏའི་ཙུང་ཐུང་མུའུ་སེ་ཝེ་ཉི་ལ་མཇལ་འཕྲད་གནང་།

ཟླ་དགུ་བའི་ཚེས་བཅུ་དྲུག་དང་ཚེས་བཅུ་བདུན་ཉིན་གཉིས་ལ་ཀྲང་ཏི་ཅང་གིས་ཝུ་ཀན་ཏའི་ཙུང་ལི་མུའུ་པ་པ་ཆི་ལ་མཇལ་འཕྲད་གནང་།

ཟླ་དགུ་བའི་ཚེས་བཅུ་དྲུག་དང་ཚེས་བཅུ་བདུན་ཉིན་གཉིས་ལ་ཀྲང་ཏི་ཅང་གིས་ཝུ་ཀན་ཏའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཁ་ཏ་ཅ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུ་ཀན་ཏ་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཁ་ཏ་ཅ་ཡིས་གདན་དྲངས་པ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་དྲུག་དང་ཚེས་བཅུ་བདུན་ཉིན་གཉིས་ལ་ཝུ་ཀན་ཏ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད། ཨུན་ཏི་ཕེ་གྲོང་ཁྱེར་ནས་ཝུ་ཀན་ཏའི་ཙུང་ཐུང་མུའུ་སེ་ཝེ་ཉི་ལ་མཇལ་འཕྲད་གནང་བ་དང་། ཁན་ཕེ་ལ་གྲོང་ཁྱེར་ནས་ཙུང་ལི་མུའུ་པ་པ་ཆི་ལ་མཇལ་འཕྲད་གནང་བ་དང་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཁ་ཏ་ཅ་གཉིས་དང་གྲོས་མོལ་མཛད།

མུའུ་སེ་ཝེ་ཉི་ལ་མཇལ་འཕྲད་གནང་སྐབས་ཀྲང་ཏི་ཅང་གིས་གསུངས་རྒྱུར། དེང་སྐབས་འཛམ་གླིང་ཡོངས་སུ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱེད་རྒྱུ་ནི་ཀྲུང་གོའི་ཕྱི་ཕྱོགས་སྲིད་ཇུས་ཀྱི་རྨང་གཞི་གལ་ཆེན་ཡིན་ལ། ཀྲུང་གོ་ཕྱོགས་ཀྱི་ཡུན་རིང་ཞིང་འགྱུར་བ་མེད་པའི་འཐབ་ཇུས་གདམ་གསེས་ཀྱང་ཡིན། ང་ཚོས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་སྐབས་ཝུ་ཀན་ཏ་དང་བཅས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དར་རྒྱས་གོང་འཕེལ་དུ་གཏོང་བ་དང་འབྲེལ་མཐུད་ནས། མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མུའུ་པ་པ་ཆི་ལ་མཇལ་འཕྲད་གནང་སྐབས་ཀྲང་ཏི་ཅང་གིས་གསུངས་རྒྱུར། དཔལ་འབྱོར་ཉོ་ཚོང་མཉམ་ལས་ནི་ཀྲུང་གོ་དང་ཝུ་ཀན་ཏའི་མཛའ་མཐུན་མཉམ་ལས་ཀྱི་ཕྱོགས་གཙོ་བོ་ཞིག་ཡིན་པས། ཕྱོགས་གཉིས་ཀྱིས་ད་ལྟའི་ལས་གཞིའི་འཛུགས་སྐྲུན་དམ་འཛིན་བྱས་ཏེ་ལས་གཞི་བདེ་བླག་ངང་ལག་བསྟར་དང་སྔ་མོ་ནས་གྲུབ་འབྲས་ཐོབ་པ་འགན་སྲུང་བྱེད་པ་དང་། ཧུར་ཐག་སྒོས་མཉམ་ལས་ཀྱི་རྣམ་པ་གསར་བར་འཚོལ་ཞིབ་བྱེད་དགོས་ལ། ཡང་བའི་བཟོ་ལས་དང་འཁལ་འཐག་སོགས་དམངས་འཚོ་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་དགོས་ཟེར།

ཁ་ཏ་ཅ་ལ་མཇལ་འཕྲད་གནང་སྐབས་ཀྲང་ཏི་ཅང་གིས་གསུངས་རྒྱུར། ཕྱོགས་གཉིས་ཀྱིས་མཛའ་མཐུན་འགྲོ་འོང་ལ་སྔར་ལས་ཤུགས་སྣོན་པ་དང་། རྒྱལ་སྐྱོང་སྲིད་འཛིན་དང་ཁྲིམས་འཛུགས་ལྟ་རྟོག་སོགས་ཕྱོགས་ཀྱི་བརྗེ་རེས་ཇེ་མང་དུ་གཏོང་བ་དང་། རྒྱལ་སྤྱིའི་གྲོས་ཁང་རྩ་འཛུགས་ཁྲོད་དུ་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱས་ནས། ཁྲིམས་འཛུགས་ལས་ཁུངས་མཉམ་ལས་དེ་ཀྲུང་གོ་དང་ཝུ་ཀན་ཏའི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བའི་སྟོབས་ཤུགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག