མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

    2013-09-19 10:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྲིད་གཞུང་གི་ཆ་འཕྲིན་ཡོངས་སྒྲོག་བྱ་བར་སྔར་ལས་ཤུགས་སྣོན་པའི་ཐད་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། «མཁར་གྲོང་གི་ཆུ་འདོན་དང་བཙོག་ཆུ་དྭངས་སྙིགས་སྲོལ་ཡིག(འཆར་ཟིན)»ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

ཚོགས་ཐོག་ཏུ་གཅིག་ནས་སྲིད་གཞུང་སྡེ་ཁག་གི་གསར་འགྱུར་མགྲིན་ཚབ་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ལམ་ལུགས་དེ་སྲིད་དོན་ཆ་འཕྲིན་ཡོངས་སྒྲོག་བྱེད་པའི་བཀོད་སྒྲིག་གཙོ་བོར་འགྱུར་བར་བྱེད་རྒྱུ་དང་། གཉིས་ནས་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་པའི་དོན་དག་ལ་ལན་འདེབས་པ་དང་དེར་འགྲེལ་རྒྱག་པ། གསུམ་ནས་འགན་འཁྲི་གཙིགས་སུ་འཛིན་པ་དང་། དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱས་ཏེ། རིམ་པ་ཁག་གི་སྲིད་གཞུང་དྲ་ཚིགས་ཀྱིས་སྲིད་དོན་ཆ་འཕྲིན་དུས་ཐོག་དང་ནོར་བ་མེད་པར་ཡོངས་སྒྲོག་བྱེད་སའི་སྟེགས་བུའི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་ཆུ་འདོན་དང་བཙོག་ཆུ་དྭངས་སྙིགས་ནི་མཁར་གྲོང་གི་རྨང་གཞིའི་སྒྲིག་ཆས་བདེ་བླག་ངང་འཁོར་སྐྱོད་བྱེད་པའི་བརྒྱུད་རིམ་གཙོ་བོ་དང་། རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་སྤུས་ཚད་ཇེ་མཐོར་གཏོང་བའི་ཆ་རྐྱེན་གཙོ་བོ་ཡིན་པས། དམངས་འཚོ་ལེགས་བཅོས་དང་ཁོར་ཡུག་སྲུང་སྐྱོབ། སྤྱི་པའི་བདེ་འཇགས་བཅས་ལ་འབྲེལ་བ་དམ་པོ་ཡོད། ཉེ་བའི་ལོ་འགར། མཁར་གྲོང་གི་ཆུ་འདོན་དང་བཙོག་ཆུ་དྭངས་སྙིགས་བྱེད་པའི་ནུས་པ་ཅུང་ཇེ་ཆེར་སོང་མོད། འོན་ཀྱང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་རྗེས་སུ་ལུས་པ་དང་། ས་སྟེང་ལ་དོ་སྣང་དང་ས་འོག་སྣང་མེད་དུ་འཇོག་པ། བདག་གཉེར་དོ་དམ་ཆུ་ཚད་དམའ་བ་སོགས་ཀྱི་གནད་དོན་གནས་ཡོད། གནད་དོན་དེའི་རིགས་ཐག་གཅོད་ན། ཕྱོགས་གཅིག་ནས«རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཁར་གྲོང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར»ཞེས་པ་དངོས་འབེབས་བྱས་ཏེ། འབྲེལ་ཡོད་སྒྲིག་ཆས་མྱུར་དུ་འཛུགས་སྐྲུན་དང་སྒྱུར་བཀོད་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཁྲིམས་སྲོལ་དང་སྒྲིག་ལམ་འཐུས་ཚང་དུ་གཏོང་བར་དམ་འཛིན་བྱས་ཏེ། མཁར་གྲོང་གི་ཆུ་འདོན་དང་བཙོག་ཆུ་དྭངས་མར་སྙིགས་པའི་བྱ་བ་དེ་ཁྲིམས་ལུགས་ནང་དུ་གཏན་འབེབས་བྱེད་དགོས་ཞེས་བསྟན།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག