མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པར་མཇལ་འཕྲད་གནང་བ།

    2013-09-19 10:39

ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པར་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཀྲུང་གོས་ཅོར་ཏན་དེ་དབུས་ཤར་ས་ཁུལ་གྱི་མཉམ་ལས་གྲོགས་པོ་གཙོ་བོའི་གྲས་སུ་བརྩིས་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྒྱལ་བོ་ལགས་དང་གྲུབ་འབྲས་ལྡན་པའི་གྲོས་མོལ་མཛད། ཀྲུང་གོ་ཕྱོགས་ཀྱིས་ཕན་ཚུན་གྱི་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། འཐབ་ཇུས་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན། དམངས་ཁྲོད་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་འདོད་ཡོད་པ་ལས་གཞན། མཉམ་ལས་ཀྱི་མཐུན་རྐྱེན་ཇེ་འཚམས་སུ་བཏང་ནས། འགྲིམ་འགྲུལ་དང་ནུས་ཁུངས། ཆ་འཕྲིན་དང་འཕྲིན་གཏོང་། རྨང་གཞིའི་སྒྲིག་ཆས་སོགས་ཕྱོགས་ནས་མཉམ་ལས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ནང་དོན་ཕུན་ཚོགས་པར་གཏོང་བ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཅེས་གསུངས།

ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས་ཅོར་ཏན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འཐབ་ཇུས་གྲོས་མོལ་ལ་ཤུགས་སྣོན་པ་དང་། དུས་ཡུན་རིང་བོར་མཉམ་ལས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཇེ་ལེགས་སུ་གཏོང་བ་དང་། ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ནུས་པ་འདོན་འདོད་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག