མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་གྲོས་ཞིབ་ཚོགས་འདུ་སྐབས་བཅོ་ལྔ་པ་ལྷ་ས་ནས་བསྡུས་པ།

    2013-09-19 10:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་གྲོས་ཞིབ་ཚོགས་འདུ་སྐབས་བཅོ་ལྔ་པ་དེ་ལྷ་ས་རུ་བསྡུས། རྒྱལ་ཡོངས་ཀྱི་ཞིང་ལྗོངས་བཅུ་གཉིས་ནས་ཡོང་བའི་མི་རིགས་བཅུ་བཞི་དངའཐུས་མི་བརྒྱད་ཅུ། འབྲེལ་ཡོད་ཀྱི་ཆེད་མཁས་རྣམས་ཐེངས་འདིའི་ཚོགས་འདུར་ཞུགས་ལ། ཁྱོན་བསྡོམས་རིག་གཞུང་དཔྱད་རྩོམ་བརྒྱ་དང་ཞེ་བདུན་བསྡུས།

རྒྱུས་ལོན་པ་ལྟར་ན་ཐེངས་འདིའི་གྲོས་ཞིབ་ཚོགས་འདུའི་སྟེང་གནས་བབ་གསར་བའི་འོག་མི་རིགས་སྐད་ཡིག་གི་ལོ་ཙཱའི་བྱ་བ་དང་། མི་རིགས་སྐད་ཡིག་ལོ་ཙཱའི་གཞུང་ལུགས་ཀྱི་ཞིབ་འཇུག བརྡ་ཆད་གསར་པའི་ལོ་ཙཱ་དང་གཅིག་གྱུར། ཚད་ལྡན་དུ་གཏོང་བ། རླུང་བརྙན་འཕྲིན་དང་གསར་འགྱུར་པར་བསྐྲུན། དྲ་རྒྱ་སོགས་སྨྱན་སྦྱོར་གྱི་མི་རིགས་སྐད་ཡིག་ལོ་ཙཱའི་ད་ལྟའི་གནས་བབ་དང་འཕེལ་ཕྱོགས་སོགས་ཀྱི་ཐད་གྲོས་ཞིབ་རྒྱ་ཆེན་པོ་གནང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག