མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་ནས་ཞང་ཀང་མཛའ་མཐུན་མཉམ་ལས་ཡར་སྐུལ་ཚོགས་པའི་པེ་ཅིན་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

    2013-09-19 10:39

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་པེ་ཅིན་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་ནས་ཞང་ཀང་མཛའ་མཐུན་མཉམ་ལས་ཡར་སྐུལ་ཚོགས་པའི་པེ་ཅིན་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡུས་ཀྲིན་ཧྲིན་གྱིས་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅུ་དྲུག་འགོར་བའི་རིང་ལ། ཀྲུང་དབྱང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོའི་འོག སྤྱི་ཚོགས་ལས་རིགས་ཁག་རྡོག་རྩ་གཅིག་སྒྲིལ་གྱིས་འཕེལ་རྒྱས་བགྲོད་ལམ་སྟེང་གི་དཀའ་བ་དང་འགྲན་རྩོད་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་། ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བླངས་ཏེ། ཞང་ཀང་གི་སྤྱི་ཚོགས་དར་རྒྱས་དང་བརྟན་འཇགས་ཡིན་པའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས། དོན་དངོས་ལས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཞང་ཀང་བས་ཞང་ཀང་སྐྱོང་བ། ཚད་མཐོན་པོའི་རང་སྐྱོང་བྱེད་པ་ནི་ཧ་ཅང་ཡང་དག་པ་དང་། ཞང་ཀང་དུས་ཡུན་རིང་བོར་དར་རྒྱས་དང་བརྟན་འཇགས་འབྱུང་བའི་ལས་ལུགས་ཀྱི་ཁག་ཐེག་ཅིག་ཡིན་པ་ར་སྤྲོད་བྱུང་ཡོད་ཅེས་གསུངས།

ཡུས་ཀྲིན་ཧྲིན་གྱིས་གནས་བབ་གསར་བ་དང་ལས་འགན་གསར་བའི་མདུན་དུ། ཞང་ཀང་མཛའ་མཐུན་མཉམ་ལས་ཡར་སྐུལ་ཚོགས་པས་མུ་མཐུད་དུ་ནུས་པ་ཆེན་པོ་འདོན་སྤེལ་བྱེད་པ་དང་། ཞང་ཀང་སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་ཡོངས་ཁྱབ་ཏུ་མཐུན་སྒྲིལ་བྱེད་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་སྒོ་ཀུན་ནས་ལག་བསྟར་བྱས་ཏེ། ཞང་ཀང་འཆམ་མཐུན་དང་བརྟན་འཇགས་ཡོང་བར་ཡར་སྐུལ་བྱེད་རྒྱུ་དང་། ནུས་ཤུགས་གཅིག་བསྡུས་ཀྱིས་དཔལ་འབྱོར་གོང་དུ་སྤེལ་བར་ཡར་སྐུལ་གཏོང་བ་དང་། འབྱུང་འགྱུར་ལ་དམིགས་ཏེ། རྒྱལ་གཅེས་དང་ཞང་ཀང་ལ་གཅེས་པའི་ན་གཞོན་ཤེས་ལྡན་པ་སྐྱེད་སྲིང་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཞང་ཀང་ཡུན་རིང་བོར་དར་རྒྱས་དང་འཕེལ་རྒྱས་འབྱུང་བར་བྱས་རྗེས་མང་ཙམ་འཇོག་དགོས་པའི་ཐུགས་རེ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག