མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་གྲ་སྒྲིག་ལས་ཀ་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-18 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོང་དོན་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ9བའི་ཚེས17ཉིན་གྱི་སྔ་དྲོ་ཚོང་དོན་པུའུ་ནས་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོས་འདུ་འཚོགས་ཡོད་པ་རེད། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཧྲེན་ཏན་ཡང་གིས་གསར་འགོད་པའི་དྲི་བར་ལན་བསྐྱོན་སྐབས། མིག་སྔར་ཀྲུང་གོའི་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་གྲ་སྒྲིག་ལས་ཀ་ཁག་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་སྤྱི་ཡོངས་ཀྱི་ཇུས་གཞིར་དངོས་སུ་ཆོག་མཆན་སྤྲོད་པའི་ཡིག་ཆ་གཤམ་སྤེལ་བྱས་རྗེས་གང་མགྱོགས་དངོས་སུ་ལག་བསྟར་བྱེད་འགོ་འཛུགས་ཆོག་གི་ཡོད་ཅེས་གསུངས།

ཧྲེན་ཏན་ཡང་གིས་ངོ་སྤྲོད་གནང་བར། སྤྱི་ཟླ7པའི་ཚེས3ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐོག་ཀྲུང་གོའི་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་སྤྱིའི་ཇུས་གཞིར་གྲོས་ཞིབ་བྱས་པ་མ་ཟད་གྲོས་འཆམ་བྱུང་ཡོད་པ་རེད།

སྤྱི་ཟླ8པའི་ཚེས17ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་གནང་བ་ལྟར། ཀྲུང་གོའི་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་བཙུགས་ཤིང་། དེའི་ནང་ཧྲང་ཧའེ་གྲོང་ཁྱེར་གྱི་དབས་ཀའོ་ཇའོ་སྒོ་ཁྲལ་སྲུང་སྐྱོབ་ཁུལ་དང་དབས་ཀའོ་ཇའོ་སྒོ་ཁྲལ་དངོས་ཟོག་འཁོར་རྒྱུག་ཁུལ། ཡང་ཧྲན་སྒོ་ཁྲལ་སྲུང་སྐྱོང་གྲུ་ཁའི་ཁུལ། ཧྲང་ཧའེ་ཕུ་ཏུང་གནམ་གྲུ་ཐང་ཕྱོགས་བསྡུས་སྒོ་ཁྲལ་སྲུང་སྐྱོང་ཁུལ་སོགས་སྒོ་ཁྲལ་ཐད་གཏོགས་ལྟ་སྐུལ་དོ་དམ་ཁུལ་ཚུད་ཡོད་པ་རེད།

སྤྱི་ཟླ8པའི་ཚེས30ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཚོད་ལྟའི་ཁུལ་དུ་གནས་སྐབས་འབྲེལ་ཡོད་བཅའ་ཁྲིམས་གཏན་འབེབས་ལེགས་སྒྲིག་བྱ་རྒྱུའི་སྲིད་འཛིན་ཞིབ་མཆན་འགོད་དབང་སྤྲད་ཡོད་པ་དང་། སྤྱི་ལོ2013ལོའི་སྤྱི་ཟླ10བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག