མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་ལུགས་གསོ་རིག་གི་བདེ་ཐང་དོ་དམ་ཁྱབ་ཚད30%ཟིན་པའི་དམིགས་འབེན་ལོ་མཇུག་ཏུ་ལེགས་གྲུབ་ཟིན་པ་བྱེད་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-18 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ལུགས་གསོ་རིག་གི་བདེ་ཐང་དོ་དམ་ཞབས་ཞུ་དེ་འདི་ལོའི་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་སྤྱོད་འཕྲོད་བསྟེན་ཞབས་ཞུའི་རྣམས་གྲངས་ནང་བཅུག་ཡོད། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུད་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས། ཀྲུང་ལུགས་གསོ་རིག་གིས་ན་ཚ་མ་ཐོན་གོང་སྔོན་ལ་སྔོན་འགོག་བྱེད་པའི་འདུ་ཤེས་འདོན་སྤེལ་གང་ལེགས་བྱས་ཏེ་རྒན་ཁོག་དང་བྱིས་པར་བདེ་ཐང་མཛུབ་ཁྲིད་མཁོ་འདོན་བྱེད་རྒྱུ་ཡིན་ཞེས་བསྟན།

རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུད་ཀྱི་གཞུང་དོན་ཁང་གི་ཀྲུའུ་རེན་ལྦང་སླེན་གྱིས་ངོ་སྤྲོད་གནང་བར། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུད་ཀྱིས་མཉམ་འབྲེལ་ཐོག་པར་སྐྲུན་འགྲེམ་སྤེལ་བྱས་པའི་ཀྲུང་ལུགས་སྨན་རྫས་བདེ་ཐང་དོ་དམ་ཞབས་ཞུའི་ཚད་གཞི་ཞེས་པ་ལྟར། ས་གནས་ཁག་གི་ཀྲུང་ལུགས་གསོ་རིག་དོ་དམ་ཚན་པས་ལོ་ལྟར་རྒན་ཁོག་ཚོར་ཀྲུང་ལུགས་སྨན་རྫས་བདེ་ཐང་དོ་དམ་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་དང་དུས་མཚུངས། བྱིས་པའི་ལོ་ཚོད་མི་འདྲ་བར་སླེབས་དུས་ཁྱིམ་བདག་ལ་ཀྲུང་ལུགས་སྨན་རྫས་བདེ་ཐང་མཛུབ་ཁྲིད་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཁོང་གིས་ཀྲུང་ལུགས་གསོ་རིག་བདེ་ཐང་དོ་དམ་ཞབས་ཞུའི་འདི་ལོའི་དམིགས་འབེན་གཙོ་བོ་ནི་འདི་ལོའི་ལོ་མཇུག་བར་སླེབས་སྐབས། རྒན་ཁོག་དང་བྱིས་པའི་ཀྲུང་ལུགས་གསོ་རིག་བདེ་ཐང་དོ་དམ་དམིགས་འབེན་གྱི་མི་ཚོགས་ཀྱི་ཁྱབ་ཚད་དེ་ཆ་སྙོམས་བྱས་ན30%ལ་སླེབས་པ་བྱེད་རྒྱུ་ཡིན་པ་དང་།

ལྦང་སླེན་གྱིས། ལས་འགན་འདི་ནི་ནན་ཏན་ངང་ཚོད་རྩིས་བྱས་པ་ཞིག་ཡིན་པ་དང་། འདི་ལོའི་ལོ་མཇུག་ཏུ་ལེགས་གྲུབ་ཟིན་པ་བྱེད་རྒྱུ་ཡིན་ཅེས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག