མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མི་རེར་གཅེས་སེམས་ཀྱི་དཔེ་དེབ་གཅིག་ཞེས་པའི་གཞི་རྒྱ་ཆེ་བའི་སྤྱི་ཕན་གྱི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-18 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ2013ལོའི་པེ་ཅིན་རྒྱལ་སྤྱིའི་དཔེ་དེབ་དུས་ཆེན་སྤྱི་ཟླ9བའི་ཚེས15ཉིན་འགོ་ཚུགས་པ་དང་། མི་རེར་གཅེས་སེམས་ཀྱི་དཔེ་དེབ་གཅིག་ཞེས་པའི་གཞི་རྒྱ་ཆེ་བའི་སྤྱི་ཕན་གྱི་བརྗོད་བྱ་གཙོ་བོའི་བྱེད་སྒོ་དེ་དུས་གཅིག་དུ་འགོ་ཚུགས་ཡོད། མི་རེར་གཅེས་སེམས་ཀྱི་དཔེ་དེབ་གཅིག་ཅེས་པའི་གཞི་རྒྱ་ཆེ་བའི་སྤྱི་ཕན་བྱེད་སྒོ་དེ་ནི་པེ་ཅིན་རྒྱལ་སྤྱིའི་དཔེ་དེབ་དུས་ཆེན་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་གཉིས་མཉམ་དུ་ལག་གདང་སྦྲེལ་ནས་གཉེར་བའི་སྤྱི་ཚོགས་ལས་རིགས་ཁག་གིས་བོད་ལྗོངས་ཀྱི་དཔེ་དེབ་སློག་མཁན་གྱི་གཞོན་སྐྱེས་ལོ་ཆུང་བྱིས་པ་ཚོར་དཔེ་དེབ་གཅིག་རེ་ཞལ་འདེབས་སུ་འབུལ་དགོས་པའི་གྲོས་འགོ་བཏོན་པའི་བྱེད་སྒོ་ཞིག་ཡིན་པ་རེད།

རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཡན་ཞའོ་ཧུང་གིས། པེ་ཅིན་ནི་རིག་གནས་ཀྱི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་པས། ང་ཚོ་པེ་ཅིན་གྱི་ཀློག་པ་པོ་དང་ས་གནས་ཁག་དང་། ལྷག་པར་དུ་མཐའ་མཚམས་ས་ཁུལ་གྱི་ཀློག་པ་པོའི་བར་དུ་སེམས་ཀྱི་སྤེལ་རེས་དང་རིག་གནས་ཀྱི་སྤེལ་རེས་བྱེད་པའི་སྟེགས་བུ་ཞིག་སྐྲུན་པ་ཡིན་ཞེས་དང་། ཁོང་གིས་རང་ཉིད་ཀྱི་དགའ་བའི་དཔེ་དེབ་ཐོག་བསམ་ཚུལ་འགའ་བྲིས་ནས་དེ་བས་མང་བའི་ཀློག་པ་པོ་དང་སྤེལ་རེས་བྱེད་ཆོག་གི་རེད་བསམ་གྱི་འདུག་དེ་ནི་དོན་སྙིང་ལྡན་པའི་བྱེད་སྒོ་ཞིག་རེད་ཅེས་གསུངས་འདུག

མིག་སྔར། སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་ལ་ལང་ལང་དང་། ཧྥུ་ཚུན་ཤི། ཏད་ཡུས་བྱང་། ལིས་ཤིན་ཚའོ་སོགས་ཚུད་པའི་སྤྱི་ཚོགས་ཐོག་གི་གྲགས་ཅན་རིག་གནས་མི་སྣས་ཞལ་འདེབས་སུ་ཕུལ་བའི་གཅེས་སེམས་ཀྱི་དཔེ་དེབ་ཆིག་སྟོང་ལྷག་ཙམ་བྱུང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག