མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་པར་འགྲེམ་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-18 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་པར་འགྲེམ་བྱས་ཡོད་པ་དང་། བསམ་འཆར་ནང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པར། རྣམ་པ་གསར་པའི་གྲོང་བརྡལ་ཅན་སྐུལ་འདེད་གཏོང་བའི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་ལ་གཞིགས་པ་དང་། འཆར་འགོད་ཀྱི་ཚན་རིག་རང་བཞིན་དང་དབང་གྲགས་རང་བཞིན། དོ་ནན་རང་བཞིན་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ། སྔོན་ལ་ས་འོག་དང་རྗེས་སུ་ས་ཐོག་འཛུགས་སྐྲུན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། འཛུགས་སྐྲུན་སྤུས་ཚད་དང་ལས་གཉེར་ཚད་གཞི། དོ་དམ་གྱི་ཆུ་ཚད་བཅས་མཐོ་རུ་གཏོང་དགོས། མ་དངུལ་འཇོག་པ་དང་བསྡུ་བའི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་བྱས་ནས། སྲིད་གཞུང་གིས་མ་འཇོག་བྱེད་པའི་རྨང་གཞིའི་ཐོག ཁྲོམ་རའི་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། དམངས་ཁྲོད་ཀྱི་མ་རྩ་ཁེ་གཉེར་རང་བཞིན་གྱི་རྣམ་གྲངས་འཛུགས་སྐྲུན་དང་ལས་གཉེར་ནང་ཞུགས་རྒྱུར་ཡིད་འགུག་བྱས་ཏེ། གྲོང་ཁྱེར་གྱི་ཡུལ་མིའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་ནས། གྲོང་ཁྱེར་གྱི་འཁོར་རྒྱུག་བདེ་འཇགས་ཡོང་རྒྱུར་འགན་ལེན་བྱེད་དགོས་པ་བཅས་བཏོན་ཡོད།

བསམ་འཆར་ནང་། མིག་སྔར་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་རིམ་འཕར་བསྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བའི་གཙོ་གནད་ལས་འགན་ཁ་གསལ་བཏོན་ཡོད་པ་སྟེ། གྲོང་ཁྱེར་གྱི་ཆུ་མཁོ་འདོན་དང་བཙོག་ཆུ། ཆར་ཆུ། རླངས་འབར། ཚ་ནུས་མཁོ་འདོན། འཕྲིན་གཏོང་སོགས་རིགས་ཁག་གི་ས་འོག་ཕུག་ལམ་དྲ་བའི་འཛུགས་སྐྲུན་དང་བཅོས་སྒྲིག་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་གཅིག གྲོང་ཁྱེར་གྱི་ཆུ་འབུད་བཤངས་དང་ཆུ་ལོག་འགོག་བཅོས་ཀྱི་སྒྲིག་ཆས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས། གྲོང་ཁྱེར་གྱི་ཆུའི་གནད་དོན་ཐག་གཅོད་བྱེད་རྒྱུ་དང་གཉིས། གྲོང་ཁྱེར་གྱི་བཙོག་ཆུ་དང་འཚོ་བའི་གད་སྙིགས་གཙང་སེལ་གྱི་སྒྲིག་ཆས་འཛུགས་སྐྲུན་ཐད་ཤུགས་སྣོན་རྒྱག་རྒྱུ་དང་གསུམ། གྲོང་ཁྱེར་གྱི་གཞུང་ལམ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་ཤུགས་སྣོན་རྒྱག་རྒྱུ་དང་བཞི། གྲོང་ཁྱེར་གྱི་གློག་གི་དྲ་བ་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་ལྔ། སྐྱེ་ཁམས་ནགས་གླིང་འཛུགས་སྐྱོང་བྱེད་རྒྱུ་དང་དྲུག་བཅས་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག