མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་འཛམ་གླིང་དངུལ་ཁང་གི་མགོ་གཙོ་ཅིན་ཡོན་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-18 10:35

01.jpg

 སྤྱི་ཟླ9བའི་ཚེས16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་དངུལ་ཁང་གི་མགོ་གཙོ་ཅིན་ཡུང་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ9བའི་ཚེས16ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་དངུལ་ཁང་གི་མགོ་གཙོ་ཅིན་ཡུང་ལ་མཇལ་འཕྲད་གནང་།

  ལིས་ཁི་ཆང་གིས་འཛམ་གླིང་དངུལ་ཁང་དང་ཀྲུང་གོའི་བར་མཉམ་ལས་བྱས་པར་གདེང་འཇོག་ལེགས་པོ་བྱས། ཁོང་གིས་དེང་སྐབས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་བསྐྱར་དར་འབྱུང་བའི་གནད་འགག་ནི་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བཟང་བོ་བྱེད་རྒྱུ་དེ་ཡིན་ལ། ཀྲུང་གོས་འཛམ་གླིང་དངུལ་ཁང་གིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་རོགས་རམ་དང་། དབུལ་སེལ་ལ་ཡར་སྐུལ་གཏོང་བའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་པ་མཐོང་འདོད་པ་དང་། འཛམ་གླིང་དངུལ་ཁང་བར་མཉམ་ལས་ཟབ་མོ་བྱེད་པ་དང་། འཛམ་གླིང་འཕེལ་རྒྱས་སུ་གཏོང་བའི་གནད་དོན་ཐག་གཅོད་པའི་ནུས་པ་ཇེ་ཆེར་བཏང་སྟེ། འཛམ་གླིང་གི་དཔལ་འབྱོར་གོང་དུ་སྤེལ་བར་ཤུགས་སྣོན་འདོད་ཡོད་ཅེས་གསུངས།

  ལིས་ཁི་ཆང་གིས་ཀྲུང་གོའི་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་མཛད། ཁོང་གིས་བཅོས་སྒྱུུར་དང་འཕེལ་རྒྱས། གསར་སྐྲུན་བཅས་ཕན་ཚུན་དམ་པོར་སྦྲེལ་ཡོད་པས། གསར་སྐྲུན་གྱི་སྒུལ་ཤུགས་ལ་བརྟེན་དགོས། གསར་སྐྲུན་གྱི་ནང་དུ་ལག་རྩལ་གསར་སྐྲུན་འདུས་ཡོད་པ་ལས་གཞན། འདུ་ཤེས་དང་ལམ་ལུགས། ནང་རྐྱེན་གསར་སྐྲུན་བཅས་འདུས་ཡོད། གསར་སྐྲུན་དེ་ཐད་ཀར་དུ་ཐོན་སྐྱེད་ནུས་ཤུགས་སུ་སྒྱུར་ཆོག་པར་མ་ཟད། སྒྱུར་བྱེད་གྲངས་ཀའི་ནུས་པ་ལྡན་པ་དང་། ཐོན་སྐྱེད་རྒྱུ་ཆ་ཁག་གི་ཕན་ནུས་ཕྱོགས་སུ་རྒྱ་བསྐྱེད་དེ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བ་དང་། རྣམ་པ་བསྒྱུར་བ་དང་རིམ་པ་སྤོར་བར་ཡར་སྐུལ་གཏོང་དགོས་གསུངས།

  ཅིན་ཡུང་གིས་འཛམ་གླིང་དངུལ་ཁང་གིས་ཀྲུང་གོའི་བར་མཉམ་ལས་ཟབ་མོ་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་གྱི་རིམ་པ་ཇེ་མཐོར་གཏོང་བར་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག