མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དྲུག་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-18 10:35

117408280_51n.jpg

  སྤྱི་ཟླ9བའི་ཚེས17ཉིན། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དྲུག་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན་སོགས་ཚོགས་ཆེན་ལ་ཞུགས་ནས་རྟེན་འབྲེལ་ཞུས། ཀྲང་ཀོ་ལིས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ནས་ཤིས་ཚིག་ཕུལ།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དྲུག་པ་སྤྱི་ཟླ9བའི་ཚེས17ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་མགོ་བརྩམས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན་སོགས་ཚོགས་ཆེན་ལ་ཞུགས་ནས་རྟེན་འབྲེལ་ཞུས། ཀྲང་ཀོ་ལིས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ནས་ཤིས་ཚིག་ཕུལ།

  ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་སོགས་ཚོགས་རར་ཕེབས་རྗེས་ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས།

  རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་འཐུས་མི་དྲུག་བརྒྱ་ལྷག་གིས་དབང་བོ་སྐྱོན་ཅན་བྱེ་བ་བརྒྱད་དང་ས་ཡ་ལྔ་ལྷག་གི་མངག་བཅོལ་དང་དུ་བླངས་ནས་ཚོགས་ཆེན་ལ་ཞུགས།

  ཚོགས་ཆེན་མགོ་བརྩམས་རྗེས། ཀྲང་ཀའོ་ལིས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་ནས་ཁ་ཡིག་ལ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལག་ལེན་ཁྲོད་དུ་དབང་བོ་སྐྱོན་ཅན་རྣམས་ལ་སྔར་ལས་སྐྱིད་པའི་འཚོ་བ་གསར་བ་གསར་སྐྲུན་བྱེད་དགོས་ཞེས་པའི་ཤིས་ཚིག་ཕུལ། ཁོང་གིས་ཐོག་མར་ཚོགས་ཆེན་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུས་ཤིང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དབང་བོ་སྐྱོན་ཅན་དང་ཁོ་ཚོའི་ཁྱིམ་མི། དེ་མིན་དབང་བོ་སྐྱོན་ཅན་གྱི་བྱ་བ་སྒྲུབ་མཁན་བཅས་ལ་བརྩེ་བའི་འཚམས་འདྲི་གནང་བ་དང་། དབང་བོ་སྐྱོན་ཅན་གྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣར་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས།

  ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། རང་རྒྱལ་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་ཐག་གཅོད་རང་བཞིན་གྱི་དུས་སྐབས་སུ་སླེབ་ཡོད་པ་དང་དབང་བོ་སྐྱོན་ཅན་གྱི་ལས་དོན་དེ་མགོ་ཚུགས་ས་གསར་བར་གནས་ཡོད་པས། ང་ཚོས་ངེས་པར་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་ནན་མོ་བྱེད་པ་དང་། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་དབང་བོ་སྐྱོན་ཅན་བྱ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས་ལ། ངེས་པར་དུ་དབང་བོ་སྐྱོན་ཅན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ངེས་པར་དུ་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་དེའི་ཁྲོད་དུ་ཞུགས་དགོས་པར་མ་ཟད། ངེས་པར་དུ་རིམ་པ་སོ་སོའི་དབང་བོ་སྐྱོན་ཅན་གྱི་ཞབས་ཕྱིའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་དང་། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། རྒྱ་ཆེའི་དབང་བོ་སྐྱོན་ཅན་ལ་སྔར་ལས་སྐྱིད་པའི་འཚོ་བ་གསར་བ་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ་དང་། ཧུར་ཐག་སྒོས་དབང་བོ་སྐྱོན་ཅན་དང་རྒྱལ་ཡོངས་མི་དམངས་མཉམ་དུ་འབྱོར་འབྲིང་གི་ལམ་དུ་བསྐྱོད་དགོས་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་དབང་བོ་སྐྱོན་ཅན་ལས་དོན་སྔར་ལས་གོང་འཕེལ་དུ་གཏོང་དགོས་ཟེར།

  ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཧེ་ཏེ་ཡིས་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་བྱས་པར་མ་ཟད། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་ལྔ་བའི་ཀྲུའུ་ཞི་ཚོགས་པའི་ཚབ་བྱས་ནས་ཁ་ཡིག་ལ་དཔའ་ངར་ཞུམ་མེད་སྒོས་མཐུན་སྒྲིལ་འབད་འཐབ་བྱས་ནས་དབང་བོ་སྐྱོན་ཅན་རྣམས་ལ་སྔར་ལས་སྐྱིད་པའི་འཚོ་བ་གསར་བ་གསར་སྐྲུན་བྱེད་དགོས་ཞེས་པའི་སྙན་ཞུ་ཕུལ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག