མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཨའོ་མན་གྱི་སྐབས་ལྔ་པའི་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-17 11:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨའོ་མན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤྱི་ལོ2013ལོའི་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ་སྤྱི་ཟླ9བའི་ཚེས15ཉིན་འདེམས་ཤོག་འཕེན་འགོ་ཚུགས་ཡོད་པ་རེད། ད་རེས་ནི་ཨའོ་མན་དམིགས་བསལ་སྲིད་འཛིན་ཁུལ་བཙུགས་ཚུན་གྱི་སྐབས་ལྔ་པའི་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ་ཡིན་པ་དང་། འདེམས་བསྐོའི་ནང་ཐད་ཀར་གྲོས་མི14འདེམས་རྒྱུ་དང་། བར་བརྒྱུད་དུ་གྲོས་མི12འདེམས་རྒྱུ་ཡིན་ཞིང་། དེ་བྱིངས་ཀྱི་གདན་ཐོབ7ཡོད་པ་རྣམས་སྲིད་འཛིན་དཔོན་གྱིས་རྗེས་སུ་བསྐོ་བཞག་བྱ་རྒྱུ་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་འདེམས་ཤོག་འཕེན་ནས་འདེམས་བསྐོ་བྱས་པའི་མཇུག་འབྲས་དེ་སྤྱི་ཟླ9བའི་ཚེས16ཉིན་གྱི་ཐོ་རེངས་སུ་གཅིག་མཇུག་གཉིས་མཐུད་ངང་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག