མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྐྱེ་ཁམས་མཚམས་ཐིག་སང་ལོར་ཞིང་ཆེན་བཞིར་ཚོད་ལྟ་བྱེད་རྒྱུའི་དབྱེ་འབྱེད་གཏན་འབེབས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-17 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁོར་ཡུག་སྲུང་སྐྱོབ་པུའི་འབྲེལ་ཡོད་འགན་འཁུར་མི་སྣས་ཉིན་ཤས་གོང་མཚམས་སྦྱོར་ལས་ཁུངས་ལ་ཁོར་ཡུག་སྲུང་སྐྱོབ་པུས་ནན་ཏན་གྱི་སྒོ་ནས་ཞིབ་འཇུག་དང་ཚོད་ལྟའི་ལས་དོན་བསྒྲུབ་པའི་རྨང་གཞིའི་ཐོག རྒྱལ་ཡོངས་སུ་སྐྱེ་ཁམས་མཚམས་ཐིག་དབྱེ་འབྱེད་གཏན་འབེབས་ལས་དོན་སྤེལ་རྒྱུའི་བརྡ་ཁྱབ་བཏང་བ་རེད། སྤྱི་ལོ2014ལོར་རྒྱལ་ཡོངས་སྐྱེ་ཁམས་མཚམས་ཐིག་དབྱེ་འབྱེད་གཏན་འབེབས་ལག་རྩལ་ལས་དོན་ལེགས་འགྲུབ་ཡོང་རྒྱུར་བརྩོན་ལེན་བྱེད་རྒྱུ་དང་། རྒྱལ་ཁབ་སྐྱེ་ཁམས་མཚམས་ཐིག་དོ་དམ་ཚོད་འཛིན་གྱི་སྲིད་ཇུས་བྱེད་ཐབས་དང་སྐྱེ་ཁམས་མཚམས་ཐིག་དོ་དམ་ཁྲིམས་སྲོལ་བཏོན་ནས་སྐྱེ་མཁས་མཚམས་ཐིག་ཁྱབ་ཁོངས་སུ་ཚད་ནན་ཤོས་ཀྱི་དོ་དམ་ཚོད་འཛིན་ལམ་ལུགས་ལག་ལེན་བསྟར་རྒྱུ་དང་འབད་བརྩོན་ཆེན་པོས་སྐྱེ་ཁམས་བདེ་འཇགས་མཚལ་ཐིག་ནན་སྲུང་དང་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་འགན་སྲུང་། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་གོང་འཕེལ་གྱི་ནུས་ལྡན་སྒྲིག་གཞིར་སྐུལ་འདེད་གཏོང་རྒྱུ་བཅས་འཛུགས་སྐྱོང་བྱེད་རྒྱུ་ཡིན་པ་རེད།

སྐྱེ་ཁམས་མཚམས་ཐིག་དབྱེ་འབྱེད་གཏན་འབེབས་ལག་རྩལ་བྱེད་ཐབས་ཀྱི་ཆོག་འཐུས་རང་བཞིན་མཐོ་རུ་གཏོང་ཆེད་དུ་ཁོར་ཡུག་སྲུང་སྐྱོབ་པུས་སྐྱེ་ཁམས་མཚམས་ཐིག་དབྱེ་འབྱེད་གཏན་འབེབས་ཚོད་ལྟའི་ལས་དོན་སྤེལ་བ་དང་། གཙོ་གནད་དུ་ནང་སོག་དང་ཅང་ཞི། ཀོང་ཞི། ཧུའུ་པེ་བཅས་ཀྱི་མངའ་ཁོངས་སུ་གནས་པའི་རྒྱལ་ཁབ་ཀྱི་གལ་ཆེའི་སྐྱེ་ཁམས་བྱེད་ནུས་ཁུལ་དང་སྐྱེ་ཁམས་ཁོར་ཡུག་ཚོར་སྐྱེན་ཁུལ། ཉམས་ཞན་ཁུལ་སོགས་ཁྱབ་ཁོས་སུ་སྐྱེ་ཁམས་མཚམས་ཐིག་དབྱེ་འབྱེད་གཏན་འབེབས་བྱས་པ་དང་། ཐོག་མའི་ཆ་ནས་ཚོད་ལྟའི་ཞིང་ཆེན་ཁོངས་ཀྱི་སྐྱེ་ཁམས་མཚམས་ཐིག་དབྱེ་འབྱེད་གཏན་འབེབས་ཇུས་གཞི་ལེགས་འགྲུབ་བྱས་ཡོད་པ་རེད། ཇུས་གཞིའི་ནང་ཚོད་ལྟའི་ཞིང་ལྗོངས་ཀྱི་སྐྱེ་ཁམས་མཚམས་ཐིག་ཚོད་འཛིན་གྱི་ཁྱབ་ཁོངས་ཀྱི་རྒྱ་ཁྱོན་ཆ་སྙོམས་སུ་ཞིང་ལྗོངས་དེའམ་དམིག་བཀར་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི20%ཡས་མས་ཟིན་ཡོད། དཔེར་ན་ནང་སོག་སྐྱེ་ཁམས་མཚམས་ཐིག་ཁྱབ་ཁོངས་ཁེབས་ཚད་ཀྱི་གལ་ཆེའི་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་ཆེས་གལ་ཆེ་རིགས་ཀྱི་ཁྱབ་ཁོངས་དང་སྐྱེ་ཁམས་ཁོར་ཡུག་གི་ཆེས་ཚོར་སྐྱེན་ཁུལདང་ཉམས་ཞན་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་རྒྱ་དཔང་གྲུ་བཞི་མ28.46ཟིན་པས་རྒྱལ་ཡོངས་རྒྱ་ཁྱོན་གྱི24.1ཟིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག